R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༣བ
[A:༡༩༣བ]མཛད་དེ། སྐུ་དེ་རྣམས་བྱིན་རླབས་ཀྱི་ཟིལ་ཤིན་ཏུ་ཆེ་བར་བཞུགས་པའི་ཏྲེའི་མགོན་ཁང་ཞེས་བྱ་བ་ཡུལ་དེ་ན་སྙན་པ་ཤིན་ཏུ་ཆེ་ཞིང་། དམ་ཅན་རྒྱ་མཚོའི་ཚོགས་ཉིན་རེ་བཞིན་དུ་སྤྲིན་བཞིན་འདུ་བར་གྲགས་པ་དེ་ཉིད་གསར་བཞེངས་སུ་མཛད་ཅིང་། གཞན་ཡང་ཆོས་སྐྱོང་གི་མན་ངག་སྔར་ཡི་གེ་མེད་པ་ལ། ཤིན་ཏུ་ཟབ་པའི་ཤོག་རིལ་དྲུག་དང་། སྔོན་འགྲོ་ཤོམ་གྱི་ཡི་གེ་སོགས་ཤོག་རིལ་བཅུ་གཅིག གཏོར་མའི་ཞལ་གདམས་ཀྱི་ཡི་གེ་གཉིས་དང་། མདོས་བསྐང་ཆེ་ཆུང་དང་། ཕོ་རྐྱང་གི་གཤིན་རྗེ་དང་གནོད་སྦྱིན་ལྟར་སྒྲུབ་པའི་ཡི་གེ་ལ་སོགས་པ་མཛད་ཅིང་། བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་ནས། མཐར་རྒྱ་ནག་རི་བོ་རྩེ་ལྔ་ནས་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་ཀྱང་ཟེར། ཁ་ཅིག་ནི་གནས་དེར་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས། དེ་དང་དུས་མཚུངས་པ་ཁམས་ཀྱི་ཏྲེ་མགོན་ཁང་ན་ཉིད་ཀྱི་སྐུ་འདྲ་ཕྱག་ནས་མ་ཞིག་ཡོད་པའི་དབུ་ཐོག་ཏུ་རིང་བསྲེལ་བྱ་མོའི་སྒོ་ང་ཙམ་ཞིག་