R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨༥ན
[A:༡༨༥ན]ཀྱང་། མདོ་སྔགས་དབང་བཤད་ཀྱི་རྒྱུན་ཟབ་མོ་ཉམས་ཀྱིས་དོགས་ནས། དེ་དུས་ཀྱི་དགེ་བའི་བཤེས་གཉེན་མཁས་བཙུན་བཟང་བ་དང་། ལུང་རྒྱ་ཆེན་བ་ཆུང་འབྲིང་མཐའ་དག་བླ་མར་བསྟེན། རང་བཞེད་པའི་ཆོས་དེ་འདུག་ན་མོ་བཙུན་ཕལ་པ་གཅིག་ལ་འདུག་ཀྱང་། ང་རྒྱལ་དང་ཁེངས་པ་དང་། གཞན་གྱིས་སྨོད་པ་སོགས་གང་ལ་ཡང་མི་དགོངས་པར་གུས་པས་གཙུག་ཏུ་བཞེས་ནས་ཆོས་ཞུས་ཏེ། དེ་དག་གི་རྣམ་ཐར་རྒྱས་པ་གསན་ཡིག་སོགས་ན་གསལ་ལོ། །ཆོས་ཀྱི་ཆེད་ཡིན་ཀྱང་འདི་ལྟ་བུའི་ཆེ་འགྱིང་བཅག་པ་ནི་གཞན་སུས་ཀྱང་སྒྲུབ་པར་དཀའ་འོ། །དེ་ནས་དགུང་ལོ་སོ་གསུམ་པ་མེ་མོ་ཡོས་ལ་འགྲོ་མགོན་ཕྱག་ན་སྐུ་གཤེགས་པའི་ཆོས་འཁོར་ཆུ་མིག་ཏུ་མཛད་པ་ལ་དགེ་འདུན་དགུ་ཁྲི་ལ་འབུལ་འགྱེད་བགྲངས་པ་ལས་འདས་སོ། །དེ་རྗེས་དེ་མ་ཐག་ཧོར་གྱི་གདན་འདྲེན་པ་ནན་ཆེས་ནས་ལོ་གཞུག་དེ་ལ་འདམ་དུ་ཕེབས་པར་བྱོན། ཕྱིས་ལོ་ས་ཕོ་འབྲུག་ལ་དཔོན་ཆེན་ཤཱཀྱ་བཟང་པོས་