R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨༤བ
[A:༡༨༤བ]བཅས་པ། གསེར་འབུམ་ཆེན་མོ་གཡུ་ཐོག་དང་བཅས་པ་དང་། ཐུབ་པ་ཆེན་པོའི་གསེར་སྐུ་ལ་སོགས་པ་བཞེངས། དེའི་ཕྱིས་ལོ་ཆུ་མིག་ཆོས་འཁོར་སྔན་མ་ལ་དགེ་འདུན་བརྒྱད་ཁྲི་ཙམ་ལ་འབུལ་འགྱེད་གྱ་ནོམ་པ་གནང་། ཧོར་ཡུལ་ནས་ཡར་བྱོན་པའི་ལམ་གར་མདོ་ཁམས་གཙོ་མདོ་གནས་གསར་དུ་ཉེ་གནས་ཆེན་པོ་རིན་ཆེན་སྟོན་ཚུལ་གྱིས་དོ་དམ་བྱས་ནས་གསེར་གྱི་གླེགས་བམ་ཕྱེད་དང་ཉིས་སྟོང་ལ་སོགས་པ། རྟེན་གསུམ་སྡེ་དགོན་མི་ནོར་གྱི་འབུལ་བ་གྲངས་མེད་པ་བཞེས་ནས་དགུང་ལོ་སོ་གཅིག་ཤིང་མོ་གླང་ལ་ས་སྐྱར་ཕེབས། གསེར་ཐོག་ཆེན་མོའི་ཞུགས་ཚགས། གསེར་འབུམ་བཀྲ་ཤིས་སྒོ་མང་། རྗེ་གོང་མའི་ཕྱི་རྟེན་སྐྱ་འབུམ་བདུན་པ་གསེར་གྱི་གདུགས་ཆོས་འཁོར། སྒོས་སུ་ཆོས་རྗེའི་ཕྱི་རྟེན་ལ་གསེར་ཐོག བཀའ་འགྱུར་ལ་སོགས་པ་གསེར་གྱི་པོ་ཏི་ཉིས་བརྒྱ་ལྷག་པ་ལ་སོགས་པ་བཞེངས། དེ་ལྟ་བུའི་བསྟན་པའི་མངའ་བདག་ཆོས་ཀྱི་རྒྱལ་པོ་འཇིག་རྟེན་གྱི་གཙོ་བོར་གྱུར་ནས་