R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༤ན
[A:༡༧༤ན]བྱ་རྣམས་ལ་ཉིན་མཚན་ཀུན་ཏུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་འཁོར་བསྐོར་ཅིང་། དངོས་བརྒྱུད་མཐའ་དག་གི་ཆེད་དུ་ལེགས་བཤད་མཐའ་ཡས་པ་བརྩམས་ཏེ། མདོར་ན་བླ་མའི་མོས་གུས་ཐུགས་དམ་ཐོས་བསམ། གཞན་ཕན་ལྷག་བསམ་རྣམས་ཉིན་བར་ཤུགས་ཤིན་ཏུ་ཆེ་བས། མཚན་མོ་མནལ་ལམ་དུ་ཡང་མཚན་བརྗོད་ལ་སོགས་པའི་ཞལ་འདོན་ཐུགས་དམ་མང་པོ་དང་། གཟིགས་རྟོག་དང་རྟོག་དཔྱོད་མཐའ་ཡས་པ་འབྱུང་ཞིང་། ས་ཆེན་གྱི་ཐུགས་ཀ་ནས་བླ་མ་འཁོར་བཅས། ཀྱཻ་རྡོར་གྱི་དཀྱིལ་འཁོར་སྟོན་པ་ཤཱཀྱ་ཐུབ་པ་འཁོར་བཅས་སྤྲུལ་ནས། ཁྱོད་དབང་ཞུ་ན་སུ་ལ་ཞུ། རབ་བྱུང་ལེན་ན་སུ་ལ་ལེན་འདོམས་ཤིག ཅེས་གསུངས་པ་ལ། དེ་ཐམས་ཅད་བླ་མ་རྗེ་བཙུན་ཁྱེད་རང་ཉིད་ལ་ཞུ་བ་ལགས། ཞེས་ཞུས་པས་དགྱེས་ནས་དབུགས་དབྱུང་། ཁྱད་པར་ཆོས་ཐམས་ཅད་གནད་བསྡུས་པའི་ཚིགས་བཅད་གནང་། ལྷ་རྣམས་ཀྱིས་བདེ་བ་ཅན་དང་མཁའ་