R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༣བ
[A:༡༧༣བ]ཆགས་ཅུང་ཟད་ཀྱང་མི་འཛིན་པར་སྦྱིན་གཏོང་ཁོ་ན་ལ་དགྱེས་པ་འདྲ་བ་སྐུ་གཤེགས་ཀར་ན་བཟའ་ཕྲུགས་གཅིག་ལས་མ་ལུས་པར་གྲགས་སོ། །ཁྱད་པར་ཆོས་ཀྱི་སྦྱིན་པ་ལ་མཆོག་ཏུ་དགྱེས་པས་གང་ཞུས་དེ་མ་ཐག་ཐུགས་ནས་གསུང་བ་མ་གཏོགས། ཕྱིས་བྱ་གསུང་བ་མི་སྲིད། དུས་ནམ་ཡང་འཆད་རྩོད་རྩོམ་གསུམ་ཁོ་ནས་དུས་འདའ་བར་མཛད་དོ། །ཤེས་རབ་ཕུན་སུམ་ཚོགས་པ་ནི། གང་གཟིགས་པ་ཐམས་ཅད་ཀྱི་ཚིག་དོན་ལ་ཆགས་ཐོགས་ཅུང་ཟད་ཀྱང་མི་མངའ་བར་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ལེགས་པར་དཔྱད་ནས་མ་གཏོགས། ལོག་རྟོག་དང་ཐེ་ཚོམ་གྱི་དྲི་མ་ཅུང་ཟད་ཀྱང་མེད་པར་ཐུགས་སུ་ཆུད་པས། ཆོས་རྗེ་པས། ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་པ། །ཞེས་བསྟོད་པ་མཛད་ཅིང་འཇམ་དབྱངས་དངོས་སུ་གཟིགས་སོ། །དེ་ལྟར་རང་གིས་མཁྱེན་ཅིང་གཟིགས་པ་ཐམས་ཅད་གཅུང་དང་། ཆོས་རྗེ་པ་དང་། དགའ་སྟོན་སོགས་གྲགས་པའི་མཐའ་ཅན་རྣམས་ལ་སོགས་པ་དངོས་ཀྱི་གདུལ་