R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༢ན
[A:༡༧༢ན]གྱི་དྲུང་དུ་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ནོད་དེ། རྟེན་སྐྱ་བོར་བཞུགས་པ་ཙམ་མ་གཏོགས། ཤ་ཆང་སྒོང་གསུམ་ཞལ་ལ་མི་རེག དགེ་སློང་ཁྱད་པར་ཅན་གྱི་ལུགས་ཉམ་དང་མི་འབྲལ། སྐུ་འཁོར་གྱི་གཙོ་བོ་ཡང་རབ་བྱུང་ལ་མཛད། ཁྱེད་རྣམས་ཀྱིས་གསོ་སྦྱོངས་མ་ཆག་པ་གྱིས། ཇ་ངས་འདྲེན་གསུངས་ནས་རབ་བྱུང་འབའ་ཞིག་ལ་དགྱེས། མདོར་ན་སྡོམ་གསུམ་ལེགས་པར་ནོད་ནས་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པ་མཛད་དོ། །ཐོས་པ་ཕུན་སུམ་ཚོགས་པ་ནི། གཞོན་ནུ་ཉིད་ནས་ཀློག་དང་ཡིག་རྩིས་སོགས་ཚེགས་ཆུང་ངུས་མཁྱེན་ཞིང་། ཡབ་དང་གཅེན་ལ་དབང་བཤད་མན་ངག་མ་ལུས་པར་གསན། ཁྱད་པར་དགུང་ལོ་བཅུ་གཉིས་པ་ལ་སྡོམ་པ་ཉི་ཤུ་པ་དང་། སྒྲུབ་ཐབས་མཚོ་སྐྱེས་ཐུགས་ལས་གསུངས། བཅུ་གསུམ་པ་ལ་རྒྱུད་གསུམ་གྱི་པོ་ཏི་ཞལ་དུ་གསོལ་བའི་མནལ་ལམ་བྱུང་བ་བཞིན་དུ་ཚིག་དོན་མཐའ་དག་ཐུགས་ལ་ཆུད་དེ། ཡབ་གཤེགས་པའི་ཆོས་