R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༡བ
[A:༡༧༡བ]ཏུ་མོས་པས་སྐུ་ཚེ་རིལ་པོ་བླ་མ་རྣམས་ཀྱི་ཆེད་དུ་རྟེན་གསུམ་ཁྱད་པར་ཅན་བཞེངས་པ་དང་། དུས་མཆོད་འཛུགས་པ་དང་། མཆོད་པ་འབུལ་བ་དང་། ཐ་ན་རྟེན་གྱི་དྲུང་དུ་མཆོད་པ་གཤོམ་པ་ཚུན་ཆད་ལ་རྩལ་དུ་འདོན་ཞིང་། ཁྱད་པར་བླ་མ་ཡབ་སྲས་ལ་རྡོ་རྗེ་འཆང་གི་འདུ་ཤེས་ཁོར་ཡུག་ཏུ་མཛད་ནས། ཞལ་བཞུགས་པའི་རིང་ལའང་བཀའ་གང་གནང་སྒྲུབ་པའི་སྒོ་ནས་ལེགས་པར་མཉེས་པར་བྱེད། སྐུའི་རྒྱབ་མི་སྟོན། ཀུ་རེའི་ཕྱིར་ཡང་བཀའ་མི་ཟློག མི་མཉེས་པ་ཅུང་ཟད་ཀྱང་མི་སྒྲུབ། ཞི་བར་གཤེགས་ནས་ཀྱང་གསོལ་བ་རྒྱུན་མི་ཆད་དུ་འདེབས་པས་སྐུའི་སྣང་བ་དང་མི་འབྲལ། གསུང་རབ་ལ་ཐེ་ཚོམ་གང་བྱུང་ཐམས་ཅད་མཎྜལ་ཕུལ་ནས་བླ་མ་ཡབ་སྲས་ཁོ་ན་ལ་གསོལ་བ་འདེབས། མདོར་ན་དགེ་ལེགས་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་བོད་དུ་འདི་ལས་ལྷག་པ་མ་བྱུང་བར་གྲགས་སོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ནི། དགུང་ལོ་བརྒྱད་པ་ལ་བྱང་སེམས་ཟླ་རྒྱལ་