R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༡ན
[A:༡༧༡ན]གསུམ་པ་མཇུག་གི་བྱ་བ་ནི། འཇིག་རྟེན་ཀུན་གྱི་མིག་གཅིག་བླ་མ་ལ། །ཅུང་ཟད་བསྟོད་འདི་དཔལ་ལྡན་ས་སྐྱ་རུ། །དགེ་བསྙེན་གྲགས་པ་རྒྱལ་མཚན་བདག་གིས་བགྱིས། །དགེ་བས་འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པས་བསྟན་པ་ཡིན་ལ། དེ་ལྟར་མཁའ་འགྲོ་ཆོས་སྐྱོང་རྣམས་བྲན་དུ་བཀོལ་ནས་པོ་ཏ་ལ་དང་། དཔལ་རི། ཨུ་རྒྱན་སོགས་ཉུལ་བའི་གྲུབ་པའི་ས་ལ་བཞུགས་པའི་སློབ་དཔོན་རིན་པོ་ཆེ་དེ་ཉིད་ཀྱི་གཅུང་རྗེ་བཙུན་རིན་པོ་ཆེ་ནི། ཡབ་ས་སྐྱ་པ་ཆེན་པོ་དགུང་ལོ་ང་དགུ་པ་མེ་མོ་ཡོས་ཀྱི་ལོ་བལྟམས་ཤིང་། འདིའི་རྣམ་པར་ཐར་པ་ཅུང་ཟད་བརྗོད་ན། དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་ཕུན་སུམ་ཚོགས་པ་རྣམས་ཀྱིས་ཤེས་པར་བྱ་སྟེ། དེ་ཡང་དང་པོར་དཀར་ཆོས་མཐའ་དག་གི་རྩ་བ་དད་པ་ཕུན་སུམ་ཚོགས་པ་ནི། སྤྱིར་བླ་མ་དང་དཀོན་མཆོག་ལ་ཤིན་