R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༠བ
[A:༡༧༠བ]པ་བྲལ་བ་ཁྱོད་ལ་འདུད། །དམ་པའི་གནས་སུ་ཆུ་ཕོ་ཁྱི་ལོ་ལ། །སྐུ་བལྟམས་ཞིང་འདིར་དོན་མཛད་ཞེ་གཅིག་པ། །ཆུ་ཕོ་སྟག་གི་སྨལ་པོ་བཅུ་གཅིག་ཉིན། །བདེ་བ་ཅན་དུ་གཤེགས་ལ་མགོས་ཕྱག་འཚལ། །ཞེས་པ་ལ། དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་ཚད་མེད་པ་དང་ལྡན་པའི་རྣལ་འབྱོར་གྱི་དབང་ཕྱུག་འདིས་དགུང་ལོ་བཞི་བཅུ་ཞེ་གཅིག་བཞེས་ཀྱི་བར་དུ་སྦྱིན་པ་རྣམ་པ་བཞིས་སེམས་ཅན་བགྲངས་པ་ལས་འདས་པ་ཚིམ་པར་མཛད་ནས། རང་རང་གི་སྐལ་བ་དང་འཚམས་པར་སྨིན་གྲོལ་གྱི་ལམ་ལ་བཀོད་དེ་ཆུ་ཕོ་སྟག་གི་ལོ་སྨལ་པོ་ཟླ་བའི་ཚེས་བཅུ་གཅིག་ལ་ཆུ་མིག་
འགའ་ཞིག་ལའང་སྒོ་རུམ་དཔེ་ཁང་དུ་གཤེགས་ཞེས་ཀྱང་འབྱུང་ངོ་། །
རྫིང་ཁའི་བླ་བྲང་དུ་མྱ་ངན་ལས་འདས་ཏེ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་མངོན་པར་གཤེགས་པར་གྱུར་ཏོ། །དེའི་ཚེ་བླ་མ་རྗེ་བཙུན་ཆེན་པོ་དགུང་ལོ་སུམ་ཅུ་རྩ་དྲུག་བཞེས་པ་ཡིན་ལ། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་བལྟམས་ནས་ཟླ་བ་ངོ་བཅུ་བཞེས་པའི་དུས་ཡིན་ནོ། །