R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༦བ
[A:༡༤༦བ]དུ་འཁོལ་བར་གྲགས་སོ། །གཞན་ཡང་ལམ་བར་ལ་ལོ་ཙཱ་བ་དཔོན་གཡོག་ལ་གནོད་པ་ཆེ་བ་བྱུང་བ་རྣམས་སུ་བླ་མས་ཆོས་སྐྱོང་ལ་གནས་དེར་བར་ཞག་གཅིག་མཛོད་ཅིག་གསུངས་པ་རྣམས་སུ་རིམས་ནད་ཐུ་བ་རེ་བྱུང་། གནོད་པ་ཆུང་ས་རྣམས་སུ་ལོ་ཙཱ་བས་ཆོས་སྐྱོང་ལ་གནས་དེར་ཉ་མགོ་ཞིག་ནོན་ཞིག་གསུངས་པས། དེར་རིམས་ནད་ཆུང་བ་རེ་བྱུང་ནས་ལོ་ཙཱ་བ་དཔོན་གཡོག་ལ་གནོད་པ་བྱེད་མི་བྱུང་ཚད་ཤི་སྐད། དེ་ནས་རིམ་གྱིས་ཕེབས་ཏེ་ལོ་ཙཱ་བའི་གནས་གཞི་དར་ལུང་དང་སྣར་ཐང་བྱང་ཆེན་དང་། དཔོན་གསུམ་འོང་ཁ། དཔལ་ལྡན་ས་སྐྱའི་ཕུ་གནམ་ཁའུབ་སྐྱེད་ལྷས་རྣམས་སུ་བཞུགས་ནས། གནས་དེ་དག་ཏུ་མགོན་ཁང་གཙུག་ལག་ཁང་བཞེངས་ནས་ཕྱག་ནས་མཛད། ཆོས་སྐྱོང་འདི་ལ་བཀའ་གཏད་མཛད་དུས་གཙུག་ལག་ཁང་ལ་མེ་འབར་ཏེ་མེ་འབར་གྱི་གཙུག་ལག་ཁང་ཞེས་གྲགས། དེ་བཞི་ལ་བོད་ཀྱི་མེ་འབར་གྱི་གནས་བཞི་དང་། ཏེ་སི། བསིལ་