R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༧ན
[A:༡༤༧ན]བའི་ཚལ། པོ་ཏ་ལ། ཧ་ཧ་རྒོད་པའི་དུར་ཁྲོད་བཞི་ལ་རྒྱ་གར་གྱི་མེ་འབར་གྱི་གནས་བཞི་ཞེས་པའི་ཐ་སྙད་ཀྱང་བླ་མ་དག་བཞེད་དོ། །གཉན་ལོ་ཆེན་པོས་བླ་མ་གནམ་ཁའུབ་པ་ཆོས་ཀྱི་རྒྱལ་མཚན་ལ་ཆོས་སྐྱོང་འདིའི་རྗེས་གནང་སོགས་གདམས་པ་རྫོགས་པར་གནང་། དེའི་ལས་ཚོགས་ལ་བརྟེན་ནས་ཁའུའི་མདུན་རི་ལ་བོན་པོའི་གྲོང་མང་དུ་ཡོད་པ་དང་འགྲས་པ་ལས། ལོ་གཅིག་གི་ནང་དུ་བོན་པོ་ཕོ་མོ་བརྒྱ་ཙམ་ཤི་ནས་གྲོང་ཁྱེར་བརླག་པར་མཛད་པ་ནི་ཆོས་སྐྱོང་འདིའི་ནུས་མཐུའི་སྒོ་ནས་ཡིན་པས་ནུས་མཐུ་མྱུར་ཞིང་ཆེ་བར་གྲགས་སོ། །དེ་ནས་ལོ་ཙཱ་བས་བོད་དུ་གཙུག་ལག་ཁང་ཧ་ཅང་མང་བ་བཞེངས་མ་ཐུབ་པས། བླ་མའི་ཐུགས་དགོངས་ལ་ཆོས་སྐྱོང་འདི་རྣམས་རྒྱ་གར་དུ་བརྫངས་ན་ལེགས་པ་འདུག་དགོངས་ཏེ། ལན་གཅིག་མཆོད་གཏོར་རྒྱས་པ་གཅིག་ཕུལ་ནས། ད་ངེད་ཀྱིས་ལྷ་ཁང་མང་པོ་བཞེངས་མི་ཐུབ་པས། ཁྱེད་རང་རྣམས་རྒྱ་གར་དུ་བྱོན་ཅིག་ཅེས་