R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༦ན
[A:༡༤༦ན]ན་ཨ་ཙ་ར་གྲི་སྐོར་བྱེད་པ་གཉིས་མིན་པ་གཞན་ཅི་ཡང་མ་མཐོང་ངོ་། །དེའི་མོན་པ་གར་བྱེད་པ་རྣམས་དང་། ཨ་ཙ་ར་གྲི་སྐོར་བྱེད་པ་འཚུབ་ནག་དང་བཅས་པ་ནི། ཆོས་སྐྱོང་འདིའི་རྟགས་དང་། མོན་པ་བྲོ་བྱེད་པ་ནི་ཡི་དམ་སྒྲོལ་མའི་ལས་མཐའི་ནུས་པ་དང་། ཇོ་མོ་ཞྭ་ཐེབས་ཅན་ནི་གནོད་སྦྱིན་གྱིས་ལས་སྒྲུབ་པའི་རྟགས་ཡིན་པར་བཤད་ལ། དེ་ནས་བློན་པོ་རྣམས་ཀྱིས་ཕྱིར་ལོག་འོངས་པས། བླ་མ་དཔོན་སློབ་ཕེབས་གྲུབ་འདུག་པ་དང་། ལོ་རྒྱུས་རྣམས་རྒྱལ་པོ་ལ་ཞུས་པས། མངའ་བདག་རྒྱལ་པོའི་བསམ་པ་ལ་བླ་མ་འདི་ཆོས་སྐྱོང་བྲན་དུ་བཀོལ་ནུས་པ་ཞིག་འདུག་སྙམ་ནས་འགྱོད་པ་སྐྱེས་ཏེ་བབ་བཏང་། བཤགས་པ་ཕུལ་ཞབས་སྤྱི་བོར་བླངས་པས་རྒྱལ་པོ་རང་མ་གྲོངས་ཙམ་བྱུང་རུང་། བློན་པོ་ལ་ལ་ཁྲག་བསྐྱུགས་ཏེ་ཤི ལ་ལ་བརྒྱལ། ལ་ལ་སྨྱོ། ལ་ལ་རེངས། ལ་ལ་འབོག་སྟེ་ཐམས་ཅད་ཤི་བ་དང་འདྲ་བར་བྱས་ནས་ཆོས་སྐྱོང་བྲན་