R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༢བ
[A:༡༤༢བ]ཆུང་དར་མ་གྲགས་དེ་ཉིད་ཀྱིས་རྒྱ་གར་དུ་བྱོན་ནས་སྒྲ་ཚད་བསླབས་པས་མཁས་པར་མཁྱེན། དེ་ནས་བླ་མ་པནྡྲེ་པ་ཆེན་པོ་རཏྣ་ཀིརྟི་དང་། རྡོ་རྗེ་གདན་པ་སོགས་ལ་ཆོས་མང་དུ་གསན། རིག་པའི་གནས་ལྔ་ལ་ཐོགས་པ་མེད་པའི་བློ་གྲོས་རྒྱས། བོད་ལ་ལོག་འབྱོན་ཁར་བླ་མ་པནྡྲེ་པ་ལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དབང་ཞུས་པས། ངས་མི་ཡོང་། ཁརྶ་པ་ཎིའི་ལྷོ་ཕྱོགས་ཀྱི་རི་སུལ་གྱི་ནགས་གསེབ་ཅིག་ན། ངའི་མཆེད་མོ་རྣལ་འབྱོར་མ་རྗེ་བཙུན་ཀུ་ས་ལི་བྱ་བ་གཅིག་གསང་བ་འདུས་པའི་སྒྲུབ་པ་མཛད་ཀྱིན་ཡོད་པས་དེར་སོང་ལ་ཞུས་ཤིག ཁྱོད་དང་ལས་ཀྱི་འབྲེལ་པ་ཡོད་པས་དབང་དང་གདམས་ངག་གནང་བ་འདུག་གི་གསུངས། དེ་ནས་བླ་མ་པནྡྲེ་པའི་བཀའ་བཞིན་མཛད་ནས་གཉན་ལོས་བྱོན་པས། ཇི་ལྟར་གསུངས་པ་བཞིན་རི་སུལ་གྱི་ནགས་གསེབ་ན་ཤིང་སྡོང་པོ་ཆེན་པོ་ཞིག་གི་ཁོག་པ་ན་རྣལ་འབྱོར་མ་དཔོན་གཡོག་བཞི་གདའ་སྐད། དེའི་ནང་ནས་