R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༢ན
[A:༡༤༢ན]འཁོར་དང་བཅས་པ་དང་། ཨུ་རྒྱན་མཁའ་འགྲོའི་གླིང་གི་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ། དཀར་བདུད་ལྕམ་དྲལ། ཕུར་སྲུང་དམ་ཅན་བཅུ་གཉིས་བོད་དུ་ཇི་ལྟར་བྱུང་བའི་ཚུལ་ནི། དེ་ལ་སྤྱིར་ཁ་བ་ཅན་གྱི་ལྗོངས་འདིར་གསང་སྔགས་རྙིང་མ་བ་དང་། གསར་མ་བ་དང་། ཆེས་གསར་མ་བ་དག་ལས་བརྒྱུད་པའི་ཞིང་སྐྱོང་ནག་པོ་ཆེན་པོ་གདོང་བཞི་པའི་མན་ངག་གི་རིགས་མང་པོ་སྣང་བ་ལས། གཙོ་བོར་ནི་མགོན་པོ་འདི་ཉིད་ཀྱི་ཆོས་སྐོར་འཕགས་ཡུལ་ནས་སྤྱན་འདྲེན་པར་བྱེད་པོ་ནི། གཉན་ལོ་ཙཱ་བ་ཆེན་པོ་དར་མ་གྲགས་ཉིད་ཡིན་ཏེ། དེ་ཉིད་ནས་བརྒྱུད་དེ་བྱང་གི་ཕྱོགས་འདིར་མན་ངག་གི་བཤད་སྲོལ་ཆེས་ཆེར་རྒྱས་པར་མཛད་པ་ནི། རྗེ་བཙུན་ས་སྐྱ་པ་ཡབ་སྲས་བརྒྱུད་པར་བཅས་པ་དག་ཡིན་པས། དེ་ཡང་དགེ་བའི་བཤེས་གཉེན་ཆེན་པོ་དཔལ་དབྱངས་ཀྱི་རིགས་རྒྱུད་དུ་ཤབ་སྟོད་དུ་སྐུ་འཁྲུངས་པའི་གཉན་