R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༣ན
[A:༡༤༣ན]གཡོག་མོ་གསུམ་རེ་མོས་ཀྱིས་གྲོང་འདབས་ན་ཕར་ཕྱིན་ཏེ་འཚོ་བ་བཙལ་ནས་སྒྲུབ་པ་མཛད་ཀྱིན་འདུག་པ་ལ། ལོ་ཙཱ་བས་ལུང་བསྟན་པའི་རྣལ་འབྱོར་མ་ཡིན་མིན་བརྟག་པའི་ཕྱིར་གཡོག་མོ་རྣམས་ལ་ཁྱེད་རྣལ་འབྱོར་མ་ཡིན་ན་ནུས་པ་ཞིག་སྟོན་གསུངས་པས། གཅིག་གིས་བྲང་གཤགས་ནས་ཁོག་གི་ནང་ནས་གསང་འདུས་ཀྱི་ལྷ་གྲངས་དང་མཉམ་པའི་མར་མེ་བསྟན་ནས་ངེས་ཤེས་སྐྱེས་ཏེ། གཙོ་མོ་ལ་ཕྱག་དང་མཎྜལ་ཕུལ་ནས་གསང་བ་འདུས་པའི་དབང་བསྐུར་ཞུས་པས། ཁྱོད་ལ་སུས་ལུང་བསྟན་གསུངས། ང་ལ་བླ་མ་པནྟྲེ་པས་བསྟན་ཞུས་པས། ངས་འཇམ་པའི་རྡོ་རྗེ་ལ་གནང་བ་མ་ཐོབ་པས། ཁྱོད་རང་སྡོད་ཁོམ་ན་ལོ་གཅིག་ནས་དབང་བསྐུར་བྱ་གསུངས། དེ་བཞིན་བགྱིད་ཞུས་པས། འོ་ན་ཁྱོད་ལ་མཐའ་འཁོབ་ཀྱི་མི་ངན་དང་། གཅན་གཟན་དང་། དུག་སྦྲུལ་ལ་སོགས་པས་འཚེ་བ་བྱུང་དོགས་ཡོད་པས། གྲོང་འདབས་