R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༡བ
[A:༡༤༡བ]དང་བཅས་གནང་ནས་ཀྱང་། །ས་བདག་ཀླུ་དབང་ས་སྐྱ་གནས་པ་འདིར། །ཤཱཀྱའི་བསྟན་པ་བསྲུང་ཕྱིར་སྤྱན་དྲངས་ཏེ། །རི་རབ་ལྷུན་པོ་ཇི་སྲིད་གནས་ཀྱི་བར། །ཞིང་འདིར་བརྟན་པར་བཞུགས་འདི་ཨེ་མ་མཚར། །བསྟན་སྲུང་དབང་པོའི་སྐུ་བརྙན་རྣམ་བཞི་དང་། །ཟབ་རྒྱས་ཆོས་ཀྱི་བཀའ་བབ་རྣམ་པ་བཞི། །ཡོངས་སུ་རྫོགས་པ་དེང་དུས་དཔལ་ས་སྐྱར། །སྔགས་འཆང་ཁོ་བོའི་ལག་ཏུ་ལེགས་པར་བབ། །འདི་འདྲ་སྐལ་བཟང་ནང་ནས་སྐལ་བཟང་སྟེ། །ངོ་མཚར་ཆེ་བ་ལས་ཀྱང་ཆེ་བ་རུ། །ཤེས་པའི་ཤེས་ལྡན་གཟུར་གནས་འགའ་ཡོད་ན། །ཁོ་བོའི་སྙན་གྲགས་སྙན་པར་ཅིས་མི་སྒྲོག །བསྟན་པའི་བདག་པོ་དཔལ་ལྡན་ས་སྐྱ་པ། །ཡིན་ཕྱིར་དམ་པའི་ཆོས་ཀྱི་བསྲུང་བ་ཡང་། །མཐུ་རྩལ་ཆེ་བར་གྲགས་པའི་ཚོགས་ཀུན་ཀྱང་། །མཆིས་ཤིང་འཕྲིན་ལས་སྒྲུབ་པ་དངོས་པོའི་གཤིས། །དཔལ་ས་སྐྱའི་བཀའ་སྲུང་ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཞལ་བཞི་པ་