R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༡ན
[A:༡༤༡ན]རྣམ་ཐར་བསམ་བརྗོད་ཡུལ་ལས་འདས། །རྒྱལ་བའི་ཕོ་བྲང་རྡོ་རྗེ་གདན་ཉིད་ཀྱི། །བྱང་སྒོའི་སྲུང་མར་སངས་རྒྱས་དངོས་ཀྱི་བཀས། །བསྐོས་པའི་རྡོ་རྗེའི་གུར་གྱི་མགོན་པོ་དེ། །དངོས་སུ་བཞུགས་པའི་འདྲ་འབག་བསེ་མགོན་ཆེས། །ཡེ་ཤེས་གཟིགས་པས་དམ་པའི་ཆོས་རྣམ་དག །གང་དུ་དར་བའི་གནས་དེར་བསྲུང་བརྩོན་པར། །བཞེད་ནས་སྤྲོ་བ་ཆེན་པོས་ནམ་མཁའ་ལ། །ཆིབས་ཏེ་ཉིད་བསྟན་སྐྱོང་ཕྱིར་ས་སྐྱར་བྱོན། །དུས་གསུམ་མཁྱེན་པའི་བློ་གྲོས་དཀྱིལ་འཁོར་ཅན། །ས་གསུམ་གྲགས་པའི་འོད་ཀྱིས་ཁྱབ་མཛད་དེ། །ཀུན་མཁྱེན་ཀུན་ལ་རབ་དགའ་སྟེར་མཁས་པའི། །བྱང་ཆུབ་སྙིང་པོ་མཆོག་བརྙེས་བརྩེ་ཆེན་ལ། །གནམ་ལྕགས་ལས་གྲུབ་རྡོ་རྗེ་ཐུགས་ཀྱི་རྟེན། །དབང་སྔོན་ལས་གྲུབ་དྲག་སྔགས་གསུང་གི་རྟེན། །བསེ་མགོན་འཕུར་ཤེས་གང་སྐུར་བཅས་པ་ནི། །བཀའ་བསྒོས་ཞལ་འཆེས་