R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༠བ
[A:༡༤༠བ]འཇམ་དབྱངས་སྐུ་མཆེད་གཉིས་ཀའི་གསུང་ལས་ཐོས་པ་དང་། ལྷག་པར་འཇམ་དབྱངས་བསོད་ནམས་དབང་པོས་ས་སྐྱའི་གནས་བཤད་གསུང་རྩོམ་གནང་འཕྲོ་ཐོར་བུར་བཞུགས་པ་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་བཀོད་པ་ཡིན་ལ། དེ་ལྟར་ན་དཔལ་བརྩེ་བ་ཆེན་པོ་ནས་ཆོས་རྗེ་ས་པཎ་ཡན་ཆད་དུ་ས་སྐྱ་པ་སྟེ། ཤེས་ལྡན་ཀུན་ཡིད་སྨོན་གྱི་གནས་སུ་གྱུར་པ་འདི་ཡང་རྗེ་བཙུན་བླ་མ་རྣམས་ཀྱི་ཐུགས་རྗེ་ལས་གཞན་དུ་མ་འདས་པར་ཤེས་པར་གྱིས་ཤིག འདིར་སྨྲས་པ། འཇམ་དབྱངས་འཇིག་རྟེན་དབང་ཕྱུག་མཐུ་སྟོབས་མགོན། །དེ་རྣམས་དབྱེར་མེད་གཟུགས་གཞན་ཟློས་པའི་གར། །ས་སྐྱའི་བླ་ཆེན་ཀུན་དགའ་སྙིང་པོ་ཡི། །ངོ་མཚར་