R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༠ན
[A:༡༤༠ན]སྐོར་ལམ་ནས་ཕུང་པོའི་སྣོད་ཀྱི་རྐྱལ་པ་ཀུན་གྱིས་མཐོང་བར་ཡོད་དོ། །བོན་ནག་རེ་བ་ཛུ་གུར་གྱི་ཕུང་པོ་ཆོས་ཁྲི་ཐང་མོ་ཆེའི་ནུབ་སྒོའི་འཁྲིས་ཀྱི་ཆུ་འགྲམ་ན་མཆོད་རྟེན་གྱི་འོག་ཏུ་མནན་པ་མཛད་པ་ཡིན་པས། འདི་ལ་ཆེད་གཏད་ཀྱི་སྐོར་བ་མི་བྱ་ཞིང་། གལ་ཏེ་བྱེད་ཀྱང་མགོན་པོའི་རྩ་སྔགས་དང་བཟློག་བསད་ཀྱི་སྔགས་རྣམས་བཟླ་ཞིང་སྐོར་བ་གཡོན་སྐོར་དུ་བྱ་བ་ཡིན་པར་གསུངས་སོ། །འདིར་སྐབས་ཀྱི་ས་ཆེན་གྱི་དངོས་སློབ་ཁམས་པ་རྡོར་རྒྱལ་དང་། བདེ་གཤེགས་ཁམས་པ་རྡོར་རྒྱལ་གཉིས་མིང་ཟུར་འདྲ་ཡང་ངོ་བོ་མི་གཅིག་སྟེ། ཕག་གྲུའི་མཚན་ལ་རྡོ་རྗེ་རྒྱལ་མཚན་ཞེས་བྱ་ཞིང་། འདིའི་མིང་རྡོ་རྗེ་རྒྱལ་པོ་ཞེས་ཟེར་རོ། །དེ་ལྟ་བུའི་སྔགས་ནག་དང་བོན་ནག་གི་ལོ་རྒྱུས་འདི་རྣམས་ནི། ས་ལོ་འཇམ་པའི་རྡོ་རྗེའི་གསུང་རྒྱུན་ཡིན་ཞེས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱིས་བཀའ་ཕེབས་ཇི་ལྟར་གནང་བ་བཞིན་