R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༩ན
[A:༡༣༩ན]ཚེ་འདིར་ཚེ་ཐུང་བ་ཙམ་གྱིས་སྡུག་བསྔལ་ཟད་པར་བྱས་ནས། བླ་མ་དང་ཆོས་སྐྱོང་གི་ནུས་པས་སྐྱེ་བ་ཕྱི་མ་ཕན་ཆད་དུ་ཡང་དག་པའི་བདེ་བའི་འབྲས་བུ་ཐོབ་པར་འགྱུར་བ་ཡིན་པས་ན། རང་གཞན་ཐམས་ཅད་འཚང་བ་ཡིན་ནོ་ཞེས་གསུངས་ཤིང་། ཁམས་པ་ལ་བྱ་དགའ་ཆེན་པོ་གནང་ཞིང་། ཁྱད་པར་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་ངེས་པའི་གདམས་པའི་ཉིང་ཁུ་རྣམས་གནང་སྟེ། རྡོར་རྒྱལ་གྱིས་ཀྱང་ཁམས་སུ་ཕྱིན་ཏེ་བསྒོམས་པས་གྲུབ་རྟགས་ཕྱོགས་མེད་དུ་སྟོན་པའི་རྣལ་འབྱོར་པ་བར་དོར་ཕྱག་ཆེན་མཆོག་གི་དངོས་གྲུབ་འཐོབ་ངེས་པ་ཞིག་བྱུང་བར་གྲགས་སོ། །དེ་ནས་བླ་ཆེན་གྱིས་སྔགས་ནག་གི་སྙིང་ཕྱུང་བར་མཛད་དེ་ཧོཾ་ཁུང་གི་ནང་མཛེ་ཐོད་ཁ་སྦྱར་གྱི་ནང་དུ་བཅུག་ནས། བསེ་མགོན་ཆེན་པོའི་ཞལ་གདོང་དུ་འཇོག་པར་མཛད་དེ། མངོན་སྤྱོད་ཀྱི་འཕྲིན་ལས་ཅི་བསམ་འགྲུབ་པའི་བཀའ་བསྒོ་མཛད་པ་ཡིན་ལ། དུས་