R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༨བ
[A:༡༣༨བ]ཕྱོགས་གཞན་དང་གཞན་དུ་བྱེར་བའི་ཐབས་བྱས་ནས། དེ་ནས་ཁོང་རང་གཅིག་པུས་ཞག་བཅུ་ཕྲག་གསུམ་གྱི་བར་དུ་སྔགས་བོན་གཉིས་ཀྱི་ཞབས་ཏོག་ལ་ཆེས་ཆེར་བརྩོན་པ་ལྟར་བྱས་ནས། ཞག་སུམ་ཅུ་ཙམ་ལོན་པ་ན་བླ་མ་དང་བསྟན་པའི་ཆེད་དུ་སྔགས་ནག་དང་བོན་ནག་གཉིས་རྫས་དང་མཚོན་ལ་སོགས་པའི་སྒོ་ནས་སྲོག་བྲལ་གྱི་ཆོ་ག་ཡང་དག་པ་ལ་སྦྱར་ནས། ཁོང་གཉིས་ཀྱི་ཕུང་པོ་ཆོས་སྐྱོང་གི་སྤྲུལ་པའི་གཡག་རྒོད་ལ་བཀལ་ཏེ་གདན་སར་འོངས་པས། ས་སྐྱ་པའི་ཆོས་སྐྱོང་གི་ནུས་པས་མཚན་ལམ་གཅིག་ལ་ཉིན་ལམ་དྲུག་ཆོད་ཅེས་གྲགས་ཤིང་། དེ་ནས་ཁམས་པས་བླ་ཆེན་གྱི་དྲུང་དུ་ཕུང་པོ་གཉིས་ཕུལ་བས་ཤིན་ཏུ་དགྱེས་ཤིང་། བླ་མའི་ཞལ་ནས། ཁྱོད་ཀྱིས་སྤྱིར་ཐེག་ཆེན་སེམས་བསྐྱེད་དང་མ་བྲལ་ཞིང་། བྱེ་བྲག་བླ་མ་དང་བསྟན་པའི་ཕྱིར་དུ་བྱ་བ་དེ་བཞིན་བགྱིས་འདུག་པར་ཉེས་པ་མི་འབྱུང་ཞིང་སྔགས་བོན་གཉིས་ཀྱང་སྐྱེ་བ་ཕྱི་མ་ངན་སོང་དུ་སྐྱེ་ངེས་པའི་ལས་བསགས་པའི་རྣམ་སྨིན་གྱི་འབྲས་བུ་རྣམས་