R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༨ན
[A:༡༣༨ན]ལམ་དུ་དོར་མི་མཚུངས་པ་སྣ་ཚོགས་བྱས་ཤིང་། དེ་བཞིན་དུ་བོན་ནག་ལའང་བྱས་པས། ཁོང་གཉིས་ཀྱི་ངན་སྔགས་ཀྱི་ཚོགས་ཤིན་ཏུ་འཁྲུགས་པར་གྱུར་ཏོ། །དེ་ནས་དེའི་སྐབས་དེར་ནུས་མཐུའི་མངའ་བདག་བླ་ཆེན་ཀུན་དགའ་སྙིང་པོ་དེ་ཉིད་ཀྱིས་ཆོས་སྐྱོང་མཐུ་རྩལ་ཅན་རྣམས་བྲན་དུ་བཀོལ་ཏེ། དྲག་པོ་མངོན་སྤྱོད་ཀྱི་ལས་ལ་བསྐུལ་བའི་སྒོ་ནས་སྔགས་ནག་དང་བོན་ནག་གཉིས་ལ་དམིགས་པའི་ལས་སྦྱོར་མཛད་པའི་ཚེ། སྔགས་བོན་གཉིས་འདུག་པའི་གནས་དེར་སྔར་མེད་པའི་གཡག་རྒོད་རོག་པོ་གཉིས་རྭ་བརྡར་ལ་སོགས་པ་དྲག་པོའི་སྤྱོད་པ་ཟིལ་དང་ལྡན་པ་དུ་མ་བྱེད་པ་རེ་རེ་བྱུང་ཞིང་། གཞན་ཡང་བྱ་ནག་ཁྱི་ནག ཅེ་སྤྱང་སོགས་ཆོས་སྐྱོང་གི་སྤྲུལ་པ་བསམ་གྱིས་མི་ཁྱབ་པའང་དེའི་དུས་བྱུང་ཞེས་གྲགས་ལ། དེ་དང་དུས་མཚུངས་པར་དམ་ཚིག་ལྡན་པའི་ཁམས་པ་རྡོར་རྒྱལ་དེས། སྔགས་ནག་དང་བོན་ནག་གཉིས་ཀྱི་སློབ་འཁོར་རྣམས་