R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༧བ
[A:༡༣༧བ]པའི་རྡོ་རྗེ་སློབ་དཔོན་ལ་ལོག་ལྟ་བྱེད་པ་ཤིན་ཏུ་འཁྲུལ་པ་ཡིན་གསུངས་ནས་ཞབས་གཉིས་ཤད་ཀྱིས་སྐྱོང་བར་མཛད་པའི་ཞབས་མཐིལ་ལ་ཀྱཻ་རྡོ་རྗེ་དང་། འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་བྲིས་པ་ལས་ཀྱང་གསལ་བ་གཉིས་ཁམས་པ་ལ་བསྟན་པས། རྡོར་རྒྱལ་ཉིད་ཤིན་ཏུ་འགྱོད་པར་གྱུར་ཏེ། སྔར་བྱས་རྣམས་བཤགས་པ་དང་། ཕྱིན་ཆད་བླ་ཆེན་གྱི་ཆེད་དུ་ལུས་སྲོག་གཏོང་བར་དམ་བཅའ་ཕུལ། དེ་ནས་ཁམས་པ་དེས་བླ་ཆེན་སྟག་ཚའི་དྲུང་དུ་ཕྱིན་ཏེ། ས་ཆེན་བཀྲོངས་གྲུབ་པ་ལྟ་བུའི་ཚུལ་སྨྲས་པས། བླ་ཆེན་སྟག་ཚས་དེ་ཉིད་བདེན་པར་བསམས་ནས་མགོ་འཁོར་ནས་རྡོར་རྒྱལ་ལ་ཉེ་གནས་བཅོལ་ཞིང་། ངེད་ཀྱི་མལ་ས་དང་ཕྲེང་བ་འདི་ལ་ཐོ་རེག་མེད་ཅིང་ཤིན་ཏུ་གཙང་བ་རང་དུས་རྒྱུན་དུ་བྱ་དགོས་སོ་ཟེར་བ་སོགས་ཀྱི་བསླབས་ཆ་མང་དུ་བྱས་པ་ལ་ཁམས་པས་བསམ་བཞིན་དུ་མལ་ས་ཡང་ཡང་དུ་བཤིག་བཅོས་བྱེད་པ་དང་། ཕྲེང་བའི་མདུད་པ་བཀྲོལ་ཏེ་སྤྱོད་