R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༥བ
[A:༡༣༥བ]མ་ཡིན། ཆོས་སྐྱོང་གི་ལས་མཁན་མཐུ་རྩལ་ཅན་གཅིག་ཡིན། དེའི་དོན་གྱིས་རེས་མཐོང་རེས་མི་མཐོང་། ཕལ་ཆེར་མི་མངོན་པར་སྐད་ཐོས་ཤིང་ཡོད་པ་གོ་མོད། མཐོང་དུས་ལས་བྱེད་པས། ཁོང་པའང་བརྡུངས་པས་ལན་པ་ཡིན་གསུངས། ཕྱུག་པོ་ཕ་བུ་གཉིས་ཀྱིས་བླ་མ་དང་། མོན་ཆུང་པུ་ཏྲ་ལ་སྲོག་བླུས་ཕུལ། དེར་བུ་རྟིང་མ་མ་ཤིའོ། །དེ་ལྟར་རྗེ་བཙུན་ཆེན་པོ་བཞུགས་པའི་བར་མན་ཆད་དུ་མོན་པའི་གཟུགས་རེས་སྟོན། རེས་མི་སྟོན་པའི་རེས་འཇོག་ཁོ་ན་བྱེད་པ་བྱུང་ཞིང་། དེ་ནས་ཆོས་རྗེ་ས་པཎ་ཧོར་ཡུལ་ལ་འབྱོན་ཁར་མོན་པ་དེ་རྣམས་འདས་པའི་ཚུལ་གྱིས། དེ་ཕྱིན་ཆད་དུ་གཟུགས་མི་མངོན་པར་གྱུར་ཏེ། གསང་བའི་ལས་མཁན་ཆེན་པོ་པུ་ཏྲ་ལྕམ་སྲིང་གི་ལས་བྱེད་ཀྱི་ཕོ་ཉའི་ཁ་ལོ་པ་བྱེད་པའི་ཚུལ་གྱིས་དཔལ་ས་སྐྱའི་བསྟན་པ་བསྟན་འཛིན་དང་བཅས་པ་སྐྱོང་ཞིང་། གདན་ས་ཆེན་པོ་འདིར་ཆོས་བཞིན་བྱེད་པ་རྣམས་