R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༥ན
[A:༡༣༥ན]མ་ཟད་ལྟོས་ཤོག་གསུངས་པས། ལྟ་མཁན་གྱིས་ཟད་དུ་ཆ་ཡིན་འདུག་ཞུས་པས། ཁྱོད་ད་ཅི་ནས་ཕྲོགས་མི་ཡོང་པ། ད་ལ་འུར་སོང་ལ་ཕྲོགས་ལ་ཤོག་གསུངས་པས། དེ་མ་ཐག་བརྒྱུགས་ནས་ཕྱིན་པས། ཁོས་ནི་བྱ་བ་ཚར་ནས་ལོག་ཡོང་གི་འདུག་གོ །དེ་ནས་རྗེ་བཙུན་གྱིས་ནད་པ་དེའི་རྩར་བྱོན་པས། ནད་པ་དེ་ཤི་ནས་འདུག་པར་གཟིགས་ནས། མོན་ཆུང་པུ་ཏྲའི་མཐུ་ཡིན་པ་གསང་ནས། མོན་ཆུང་པུ་ཏྲ་ལ་བཀའ་བཀྱོན་བྱོན། ན་བཟའི་ཐུ་བས་ཕྱག་ཕབ་པས། དེར་ཁོ་མ་དགའ་ནས་ཕྱུག་པོའི་སྒོ་རྩར་ཕྱིན། ང་ལ་བླ་མས་ཕྱག་མང་པོ་ཕབ། བཀའ་བཀྱོན་མང་པོ་བྱུང་པ་དེ་ཁྱོད་ཀྱིས་ལན་པས། ཁྱོད་ཀྱི་བུ་ཆུང་བ་དང་། ཁྱོད་རང་ཡང་གསོད་དམ་བྱས་པས། ཕྱུག་པོ་དེས་རྗེ་བཙུན་གྱི་དྲུང་དུ་ཕྱིན་ནས། ཁོ་འདི་སྐད་དུ་གླེང་གིན་བྱུང་ཞུས་པས། སྔར་ངས་ཁྱོད་ལ་གསང་བ་ཡིན། ད་ཁོ་ལ་མ་རྒོལ་ཅིག འདི་མི་དངོས་