R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༣ན
[A:༡༣༣ན]རླུང་དམར་དྲག་ཏུ་ལངས་ཤིང་གཡོས་པར་གྱུར་ཏེ། ནམ་མཁའ་ནས་བབས་པའི་ཁྲག་ཐིགས་གསུམ་པོ་དེ། སྲིན་པོའི་བམ་རོའི་ཤ་ཁྲག་རུས་གསུམ་དང་རོ་གཅིག་ཏུ་འདྲེས་པ་ལ་རྒྱུ་བྱས། སློབ་དཔོན་རིན་པོ་ཆེས་ཕྱག་བཟོ་མཛད་དེ། དེང་སང་བསམ་ཡས་ཀྱི་སྤེ་དཀར་ན་ཡོད་པའི་ཞལ་འབག་སྨུག་ཆུང་འདི་དང་། དཔལ་ས་སྐྱའི་ནང་སོ་པུ་ཏྲ་ཁང་ན་བཞུགས་པའི་ཞལ་འབག་སྨུག་ཆུང་འདི་གཉིས་དུས་གཅིག་ཏུ་གྲུབ་ཅིང་། སློབ་དཔོན་གྱིས་ཕྱག་ནས་མཛད་པ་ན། པུ་ཏྲ་དམར་ནག་གཉིས་ཀ་སྐུ་འབག་སོ་སོ་ལ་དངོས་སུ་ཐིམ་ཞིང་། ཆོས་སྐྱོང་སོ་སོ་དང་བྱིན་རླབས་ནུས་པ་མཉམ་པར་གྱུར་པ་ལས། ནམ་ཞིག་དུས་ལ་བབ་པ་ན། རྒྱ་གར་འཕགས་པའི་ཡུལ་ནས་སྐུ་འབག་གཉིས་ཀ་བར་སྣང་ལ་འཕུར་ཏེ་གཤེགས་པ་ལས། བསམ་ཡས་ཆོས་སྐྱོང་ཆེན་པོའི་སྐུ་འབག་དེ་ཉིད་བྷ་ཏ་ཧོར་ཡུལ་གྱི་སྒོམ་གྲྭར་བབ་པ་ལས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་སྒོམ་གྲྭ་བཅོམ་ནས་དངོས་སྤྱད་རྣམས་བསམ་