R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༢བ
[A:༡༣༢བ]གནས་པའི་ཟངས་མོ་ཆེ་ཡང་འཇོག་པར་མཛད་པ་ན། བླ་མའི་ཕྱག་རྫས་རྣམས་ལ་ལས་མཁན་འཁོར་བཅས་ཤིན་ཏུ་མཆེས་པའི་རྣམ་སྤྲུལ་ངོ་མཚར་ཅན་དུ་མ་བྱུང་བས། དེའི་གཏང་རག་ཏུ་གསང་བའི་ལས་མཁན་གནས་པའི་ཟངས་ལ་མགོན་ཁང་ཟུར་ཆོད་དུ་མཛད་ནས། སྤྱན་གཟིགས་སོགས་རྒྱས་པར་བཤམས་ཏེ་དེའི་གཏོར་གཞིའི་རྒྱུན་ཡང་ཕྱག་མཛོད་རང་ནས་གནང་ཞིང་། ད་ལྟ་ཡང་ནང་སོ་པུ་ཏྲ་ཁང་གི་གཏོར་གཞི་རྣམས་གདན་ས་མཛོད་ཆེན་གྱིས་འཛུགས་དགོས་པའི་རྒྱུན་འདི་བྱུང་བར་སེམས་ལ། མགོན་ཁང་འདིར་བཞུགས་པའི་པུ་ཏྲ་ཆེན་པོ་གནས་པའི་རྟེན་ཞལ་འབག་སྨུག་ཆུང་དུ་གྲགས་པ་འདི་ནི། སྔོན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་དུ་སྲིན་པོའི་ཤ་ཁྲག་གིས་བམ་རོའི་སྒྲུབ་པ་མཛད་པའི་ཚེ། བར་སྣང་ནས་སྤྲིན་ནག་རབ་ཏུ་གཡོས་ཏེ་མེ་དྲག་ཏུ་འབར་བ་དང་བཅས། སྤྲིན་གསེབ་ནས་ཁྲག་གི་ཐིགས་པ་ཆེན་པོ་གསུམ་ས་སྟེང་དུ་བབས་པ་ན། ས་གཞི་ལས་ཀྱང་