R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༣བ
[A:༡༣༣བ]ཡས་སུ་ཁྱེར་བའི་ཚེ། ཞལ་འབག་དེ་ཡང་བསམ་ཡས་སུ་བྱོན་པ་ཡིན་ལ། བོད་ཡུལ་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པའི་བསྟན་སྲུང་བཀའི་ལས་བྱེད་རྣམས་ཀྱི་གཙོ་བོའི་མཆོག་ཏུ་གྱུར་པ་དཔལ་འཕྲིན་ལས་ཀྱི་མགོན་པོ་པུ་ཏྲ་ཆེན་པོའི་ཞལ་འབག་སྨུག་ཆུང་དུ་གྲགས་པ་ད་ལྟ་དཔལ་ས་སྐྱའི་ནང་སོ་པུ་ཏྲ་ཁང་ན་བཞུགས་པ་འདི་ནི། རྒྱ་གར་ནས་འཕུར་ཏེ་རེ་ཞིག་བྷ་ཏ་ཧོར་ཡུལ་གྱི་སྒོམ་གྲྭར་བཞུགས་པ་ལས། ཕྱིས་རབས་ཆོས་རྗེ་ཁུ་དབོན་ཙམ་གྱི་སྐུ་རིང་ལ་ཕྱག་ཏུ་བྱུང་བ་དེ་ཉིད། གདན་ས་ཆེན་པོ་འདིར་སྤྱན་འདྲེན་པར་མཛད་པ་ཡིན་ནམ་སྙམ་དུ་སེམས་པ་ནི། ཁོ་བོས་ལོ་རྒྱུས་ཀྱི་ཡི་གེ་མང་པོའི་ཁོང་བསྒྲིགས་པས་རྟོགས་པ་ལགས་སོ། །ཡང་གདན་ས་ཆེན་པོའི་ཤར་ཕྱོགས་ཀྱི་མོན་པ་གྲོག་པོའི་ཕུ་ན་གནས་པའི་མོན་ཆུང་པུ་ཏྲ་མིང་སྲིང་གི་བྱུང་ཚུལ་ནི། བླ་མ་ས་ཆེན་གྱིས་ལ་སྟོད་གུང་ཐང་དུ་བྱོན་ནས་ཆོས་སྐྱོང་འཁོར་བཅས་ཀྱི་རྗེས་གནང་ཞུས་དུས། མོན་ཕྲུག་གཅིག་