R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༢ན
[A:༡༣༢ན]ཤེས་གདན་ས་ཆེན་པོར་སྤྱན་དྲངས་ཏེ། དུས་དེ་ཉིད་ནས་བཟུང་བསྟན་སྲུང་ཀུན་གྱི་གཙོ་བོ་གུར་གྱི་མགོན་པོ་ལྕམ་དྲལ། ཕྱི་ནང་གསང་བའི་ལས་མཁན་ཡང་བྲན་དང་བཅས་པ་ཐམས་ཅད་བོད་ཀྱི་རྡོ་རྗེ་གདན་དཔལ་ས་སྐྱ་འདིར་ཇི་སྲིད་བསྟན་པ་གནས་ཀྱི་བར་དུ་མངོན་སུམ་གྱི་ཚུལ་དུ་བཞུགས་པར་ཞལ་གྱིས་བཞེས་ཤིང་། བླ་ཆེན་གྱིས་བཀའ་བསྒོས་པ་ཐམས་ཅད་བྲན་བཞིན་དུ་བསྒྲུབ་པར་གྱུར་པ་དེའི་ཚེ། སྒོ་རུམ་གཟིམ་སྤྱིལ་དཀར་པོའི་བླ་མ་ཉིད་ཀྱི་གཡོས་ཁང་ན་ཆུ་རའི་ཟངས་མོ་ཆེ་རུ་ལོང་གི་སྒྲ་ཆེན་པོ་འབྱིན་བཞིན་པ་ཞིག་ཡོད་པ་དེ་ལ། གསང་བའི་ལས་མཁན་ཆེན་པོ་པུ་ཏྲ་ལྕམ་སྲིང་རྣམས་རྒྱུན་དུ་འཁོར་ཞིང་དགྱེས་པའི་རྣམ་འགྱུར་ཅི་ཡང་སྟོན་པ་ཞིག་བྱུང་བ་ལས། དེ་རྗེས་ཆོས་ཀྱི་རྒྱལ་པོ་འཕགས་པའི་སྐུ་རིང་ལ་བཞི་ཐོག་བླ་བྲང་གི་ལྷོ་ཕྱོགས་བོད་ཆོལ་ཁ་གསུམ་གྱི་ཡོངས་སྡུད་རྣམས་བསྡུ་བའི་གནས་ཕྱག་མཛོད་ནང་སོ་ཆེན་མོར་གྲགས་པ་དེར། སྔར་གྱི་པུ་ཏྲ་