R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༡བ
[A:༡༣༡བ]མཐའ་སྐོར་དུ་ཁྲབ་པ་འགའ་ཞིག་གིས་བསྐོར་ནས་བྱུང་བ། སྐབས་དེར་ས་སྐྱ་རྫོང་ཆུང་ན་སྔགས་འཆང་གཟུངས་ཀྱི་དཔལ་བ་བཞུགས་ཡོད་པས་གཟིགས་པ་ན། ཕ་གི་རྟེན་འབྲེལ་བཟང་། ལྕགས་སྡེར་དུ་སྙིང་བཅུག་པ་འདྲ་བ་ཞིག་འདུག་ཅེས་གསུངས་ཤིང་། དེ་ནས་སྒོ་རུམ་དུ་འཆམ་མགོན་མཇལ་བས། བསེ་འབག་གི་ཞལ་ན་སྙིང་རློན་པ་ཁྲག་ཛར་རེ་བ་ཞིག་འདུག་པ་ཏའི་སི་ཏུ་བས་མངོན་སུམ་དུ་མཐོང་བས་ཤིན་ཏུ་སྐྲག་ཅིང་དངངས་ནས་ཧ་ལས་ཏེ་ཕྱི་འགྲོས་སུ་བྱས་པས་གན་རྐྱལ་དུ་འགྱེལ་ཞིང་། དེ་ནས་ཡུན་མ་ལོན་པར་སི་ཏུ་ཚེའི་དུས་བྱས་པས། ས་སྐྱ་པའི་ཆོས་སྐྱོང་ལ་སུས་ཀྱང་འགྲན་པར་མི་ནུས་པའི་སྙན་པའི་གྲགས་པས་ས་སྟེང་ཐམས་ཅད་ཁྱབ་པར་གྱུར་ཏོ། །དེ་ལ་སོགས་པ་ལོ་རྒྱུས་ངོ་མཚར་ཅན་དུ་མ་སྣང་ཡང་། འདིར་ཡི་གེས་འཇིགས་པས་རེ་ཞིག་དེ་ཙམ་མོ། །དེ་ལྟར་ན་མལ་ལོ་ཙཱ་བའི་བཀའ་བཞིན་བླ་མ་ཆེན་པོ་དགུང་ལོ་ཉེར་དགུར་ཕེབས་པའི་བྱི་བའི་ལོ། བསེ་འབག་ནག་པོ་འཕུར་