R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༡ན
[A:༡༣༡ན]ཐམས་ཅད་དྲངས། ལྷ་ཁང་ཆེན་མོའི་རྟེན་གསུམ་མ་ཕུག་རོན་ལ་སོགས་པ་བྱ་ཡི་གནོད་པ་མི་འབྱུང་བའི་ཀ་ཁོང་ཚང་མ་ལ་ཤིང་གྲ་ཁྱད་པར་ཅན་ཡོད་པ་རྣམས་ཀྱང་མེར་བུས་ཏེ་བརླག་པར་བྱེད་པ་སོགས་མཚམས་མེད་ཀྱི་ལས་ཚད་མེད་པ་བསྒྲུབས་ཤིང་། དེ་ནས་གཙང་གི་ས་ཆ་ཕལ་ཆེ་བ་ཡང་འོག་ཏུ་བཅུག དེའི་དུས་ཀྱི་སྡེ་དཔོན་རྣམས་ཀྱི་ལེགས་ཉེས་ཐམས་ཅད་སི་ཏུ་བྱང་ཆུབ་རྒྱལ་མཚན་ཤེས་སུ་བཅུག་དགོས་པ་སོགས་ས་སྐྱ་པ་ལ་ཞབས་འདྲེན་ཁམ་པོ་ཆེ་དེ་བཞིན་སྒྲུབ་པའི་ཚེ། གདན་སར་དམག་ཡོང་དུས་སི་ཏུ་པས་བསེ་མགོན་ཆེན་པོ་འདི་ཉིད་མཇལ་བར་ཆས་ཏེ། ལྷ་ཁང་ཆེན་མོ་ནས་ས་སྐྱ་དན་གྱི་བར་གྱི་མཆོད་ཞིང་བྱ་ཁྲ་མར་གྲགས་པ་བཀྲ་ཤིས་རྫས་བརྒྱད་ནང་ཚན་དུང་གི་གཟུགས་སུ་ཡོད་པས། ས་སྐྱ་པ་ལ་སྙན་གྲགས་ཆེན་པོ་འབྱུང་བའི་རྟེན་འབྲེལ་དེ་ལས་བྱུང་བར་བཤད་པའི་ཞིང་དེའི་སྟེང་ན་ཚུར་འོང་བ་ན། སི་ཏུ་བ་རང་གོས་ཆེན་མཚལ་གའི་བེར་ཞིག་གྱོན་པའི་