R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༧བ
[A:༡༢༧བ]འབག་གི་ཞལ་གདངས་ཧ་ཅང་ཆེས་པ་ལ། དཔོན་ཆེན་བྱང་རིན་གྱིས་དངུལ་གྱི་ལྐོག་སྟེགས་བཅུག་པས། འཁུ་ལྡོག་གི་རྣམ་པས་དཔོན་ཆེན་ལྐོག་མ་སྐྲངས་ནས་ཤི་ལ་ཐུག་པ་ལ། ཞལ་འབག་གི་ལྐོག་སྟེགས་བཏོན་པས། དཔོན་ཆེན་ནད་ལས་གྲོལ་ནས་བཏང་རག་ཕུལ་བར་གྲགས་པ་དང་། གང་ཟག་མཆོག་དམན་སུ་ཞིག་གིས་མཇལ་ཡང་། ཞལ་འབག་གི་ཁ་དོག་ལ་མཐོང་སྣང་སྣ་ཚོགས་པ་བསྟན་པའི་སྒོ་ནས་ཀྱང་དེ་དང་མཐུན་པའི་དངོས་གྲུབ་སྩོལ་བར་ངེས་ཏེ། བདག་གི་བླ་མ་གྲུབ་མཆོག་དབང་པོའི་མཚན་ཅན་ལ་ཡང་གཟིགས་སྣང་དུ་མ་ཞིག་བྱུང་བའི་ཚུལ་ནི། དེ་ཡང་རྗེ་ཉིད་དགུང་ལོ་བདུན་བཞེས་དུས་སྔགས་འཆང་ཆེན་པོའི་ཕྱག་ཕྱིར་དཀྲིས་ནས་སྒོ་རུམ་ཡེ་ཤེས་མགོན་པོ་མཇལ་བར་ཕེབས་སྐབས། འཆམ་མགོན་གྱི་རྣམ་པ་དེ་མ་ཡིན་པའི། ཁྱི་གདོང་འཇིགས་སུ་རུང་བ་རྔ་རལ་ཆེན་པོ་ནམ་མཁའི་དབྱིངས་སུ་ཡེ་རེ་བ། ཕྱག་གཡས་གཡོན་གཉིས་རལ་གྲི་