R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༧ན
[A:༡༢༧ན]དེ་དུས་ཀྱི་གང་ཟག་བཟང་པོ་རྣམས་མགོན་ཁང་དུ་སྤྱན་དྲངས་ཏེ་གསོལ་བ་འདེབས་པ་ཞག་རེའམ་གསུམ་ཙམ་རེ་མཛད་པས་གང་འདོད་པའི་དོན་དེ་ཐོགས་མེད་དུ་འགྲུབ་པའི་ལོ་རྒྱུས་མང་དུ་ཡོད་པ་དང་། ལོ་ཆེན་གྱིས་བོན་པོ་མ་རུངས་པ་གདུག་པ་ཅན་རྣམས་འདུལ་བའི་ཚེ་ཡང་། འཆམ་མགོན་འདི་ལ་འཕྲིན་འཆོལ་དྲག་ཏུ་མཛད་པས་བཞེད་དོན་འབད་མེད་དུ་འགྲུབ་པ་དང་། དཔལ་ས་སྐྱ་འདིར་ཡང་བླ་ཆེན་ཀུན་དགའ་སྙིང་པོ་ནས་བཟུང་། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་བར་དུ་བྱོན་པའི་བླ་མ་གོང་མ་ཕལ་ཆེར་ལ་ཡང་མི་དང་མི་ལབ་པའི་ཚུལ་གྱིས་ལུང་སྟོན་པ་དང་། བར་ཆད་སེལ་བ། གང་བཅོལ་བའི་འཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པ། ད་ལྟའི་བར་གྱི་ས་སྐྱ་པའི་འཕེལ་རྒྱས་ཐམས་ཅད་བསེ་མགོན་ཆེན་པོ་འདིའི་ཐུགས་རྗེ་དང་མཐུ་རྩལ་གྱི་བྱིན་རླབས་ལས་བྱུང་བར་ངེས་ཤིང་། གཞན་ཡང་འདི་ཤིན་ཏུ་གཉན་པས་ཞལ་