R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༨ན
[A:༡༢༨ན]དང་བནྡྷ་ཐུགས་ཁར་སྟེང་འོག་ཏུ་འཛིན་པ། གསོལ་ཕོད་སྔོན་པོ་རྡོ་རྗེ་གསང་ལམ་མ་གསོལ་ཞིང་། སྐུ་གཤམ་དཀར་པོ་སྐྱ་ཉུག་གེ་བ་དང་བཅས་པ་གསོལ་བ། མདོར་ན་ཉིད་ཀྱི་ཡབ་རྗེ་སྔགས་འཆང་ཆེན་པོ་དེ་ཉིད་རྡོ་རྗེ་ཕུར་པའི་སྨད་ལས་དང་འབྲེལ་བའི་སྐུ་འཆམ་མཛད་དུས་ཀྱི་སྐུ་ཆས་བཞེས་པའི་སྐབས་ཀྱི་ངོ་མཚར་གྱི་སྐུའི་བཀོད་པ་ཇི་ལྟ་བ་བཞིན་དུ་གཟིགས་པ་ན། དེ་དུས་སྐུ་ན་ཕྲ་བས་ཡབ་རྗེ་ཉིད་ལ་ཞུ་བར་མ་ནུས་ཤིང་། སླར་གནས་ཚུལ་རྣམས་ཕུལ་བས། སྔགས་འཆང་ཉིད་ཀྱི་གསུང་ལས། དེ་ནི་མི་ལེགས་རྒྱུ་མེད་དེ། བླ་མ་མགོན་པོ་དབྱེར་མེད་དྲག་པོའི་ཆས་སུ་ཞུགས་པའི་སྐུ་རུ་བསྟན་འདུག་པས། མངོན་སྤྱོད་ཀྱི་ལས་རྣམས་འགྲུབ་པའི་ལྟས་ཡིན་ནོ། །ཞེས་ལུང་བསྟན་དང་བཅས་དབུགས་དབྱུང་གནང་བྱུང་བའི་ཚེ། རྗེ་ཉིད་ཀྱི་ཐུགས་ལ། ངེད་རང་ལས་མ་དག་པས་བསྒྲིབས་པ་མ་གཏོགས་ཡེ་ཤེས་ཀྱི་