R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༦བ
[A:༡༢༦བ]སྤྱིལ་དཀར་པོར་གྲགས་པ་ལ། དུས་ཕྱིས་སྒྲ་ཟུར་ཉམས་པས་སྒོ་རུམ་དུ་སོང་བ་འདྲ་མོ་ཞིག་ཀྱང་སྣང་ཞིང་། ཡང་གཟིམ་སྤྱིལ་འདི་ལ་ཕྱི་ནང་གི་སྒོ་རིམ་པ་དུ་མ་ཞིག་ཡོད་པས། སྔོན་གྱི་ཚེ་ན་སྒོ་རིམ་གཟིམ་སྤྱིལ་ཟེར་བ་ལ། ད་ལྟ་སྒོ་རུམ་དུ་སོང་བ་ཨེ་ཡིན་སྙམ་སྟེ། ད་དུང་འདིའི་མིང་དོན་ལ་ཁུངས་ཐུབ་ཀྱི་མཐའ་ཆོད་རང་བཟོ་དང་བྲལ་བ་ཞིག་བློ་གསལ་དོན་གཉེར་ཅན་རྣམས་ཀྱིས་བཙལ་ཏེ་རང་གཞན་རྣ་བའི་དགའ་སྟོན་དུ་སྤེལ་བར་མཛད་འཚལ། འདི་ལྟ་བུའི་ཆོས་སྐྱོང་ཡིད་བཞིན་གྱི་ནོར་བུའི་སྐུ་བརྙན་འདི་ནི་སུ་ཞིག་གིས་གསོལ་བ་བཏབ་ཀྱང་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་སྩོལ་བར་ངེས་ཏེ། སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་རྡོ་རྗེ་གདན་གྱི་བྱང་སྒོའི་མགོན་ཁང་དུ་བཞུགས་པའི་ཚེ་ཡང་། ཐན་པ་ཞི་བ། རིམས་ནད་བཅད་པ། གཞན་གྱི་དམག་བཟློག་སོགས་བསྟན་པའི་རིམ་གྲོ་དགོས་པ་བྱུང་བའི་ཚེ་ཡང་། བླ་མ་ནོར་བུ་གླིང་པ་སོགས་