R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༥ན
[A:༡༢༥ན]མི་ཉམས་ཤིང་ཡར་ལྡན་དུ་འབྱུང་བའི་རྟེན་འབྲེལ་ཐམས་ཅད་རང་འགྲིག་ཏུ་གྱུར་པ་ཡིན་ནོ། །སྐབས་དེར་བྱིན་པའི་ཆོས་སྐྱོང་གི་གསུང་གི་རྟེན་གྱི་དར་ནག་ནི་ཕྱི་འཁྱར་བྱུང་དོགས་བླ་མ་གོང་མའི་ནང་རྟེན་ཞིག་གི་གཟུངས་རྫོངས་ལ་བཞུགས་སྐད། ཐུགས་ཀྱི་རྟེན་ལྕགས་ཀྱི་རྡོ་རྗེ་ནི་བླ་མ་དམ་པ་སོགས་ཀྱིས་བར་སྐབས་སུ་སྐུ་བསྲུང་ལ་ཕྱོགས་སུ་སྤྱན་འདྲེན་པར་མཛད་ཀྱང་། སླར་སྒོ་རུམ་སྒམ་ནག་ཉིད་དུ་བཞུགས་སུ་གསོལ་ནས་ད་ལྟ་ཡོད་པ་འདི་ཁོ་ན་རྩོད་མེད་ཡིན་པར་བླ་མ་གོང་མ་རྣམས་གསུང་བ་ཐོས་ཤིང་། ཡོན་ཏན་འཕྲིན་ལས་ཀྱི་རྟེན་བསེའི་གའུ་སྙིང་འདྲ་བའི་ནང་ན་བཞུགས་པའི་མན་ངག་གང་འདོད་ཀྱི་ཡི་གེར་འོང་བ་དེ་ནི། སྔ་མོ་ཞིག་ནས་ཤིན་ཏུ་གསང་བའི་ཚུལ་གྱིས་ཀུན་གྱི་མི་མངོན་པར་བཞུགས་པ་ཡིན་ཏེ། བདག་ཆེན་བློ་གྲོས་རྒྱལ་མཚན་གྱི་གསུང་ལས། བསེ་འབག་དང་ལྷན་ཅིག་རྒྱ་གར་ནས་བྱུང་བའི་བསེའི་གའུའི་ནང་ན་ཡོད་པའི་