R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༤བ
[A:༡༢༤བ]གྱིས་སྤྱན་དྲངས་ནས་དཔལ་ས་སྐྱའི་སྒོ་རུམ་གཟིམ་སྤྱིལ་དཀར་པོར་ཕེབས་པ་ན། རེ་ཞིག་གི་བཞུགས་ས་ད་ལྟར་བཞུགས་པའི་གཟིམས་ཁང་ཆུང་ངུ་འདི་ཉིད་དུ་མཛད་དེ་སླར་མགོན་ཁང་བཞེངས་པའི་དགོངས་པ་བླ་ཆེན་གྱི་ཐུགས་ལ་འཁྲུངས་པའི་ཚེ། བསེ་མགོན་གྱི་གསུང་བྱོན་ནས། མགོན་ཁང་གསར་པ་བྱ་མི་དགོས། ད་ལྟའི་འདུག་ས་འདི་ཀས་རྡོ་རྗེ་གདན་གྱི་བྱང་སྒོ་ཡང་ནོན་ཞིང་། བསྟན་དགྲ་གདུག་པ་ཅན་རྣམས་སྒྲོལ་བ་དང་། བསྟན་པ་བསྟན་འཛིན་དང་བཅས་པ་སྐྱོང་བ་ཡང་འདི་ཀར་གནས་པས་བགྱིད་འཚལ་ལོ། །ཞེས་བཀའ་སྩལ་པ་བཞིན་བླ་ཆེན་གྱིས་ཀྱང་དེ་མ་ཐག་བསྐང་གསོ་གཏུམ་ཆེན་མར་གྲགས་པ་མཛད་དེ། འཆམ་མགོན་ཡིད་བཞིན་གྱི་ནོར་བུ་གནས་དེ་ཉིད་དུ་གཡོ་མེད་དུ་བཞུགས་སུ་གསོལ་ནས་བཀའ་བསྒོ་དང་འཕྲིན་བཅོལ་རྒྱས་པར་མཛད་པའི་རྟེན་འབྲེལ་གྱིས་དཔལ་ས་སྐྱའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པའི་རྒྱུན་འདི་ཇི་སྲིད་ཐུབ་པའི་བསྟན་པ་གནས་ཀྱི་བར་དུ་