R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༥བ
[A:༡༢༥བ]སྒྲུབ་སྐོར་གྱི་ཡི་གེ་དེང་སང་ག་ན་ཡོད་དཀར་ཆག་གི་ཡི་གེ་སོགས་སུ་མི་གསལ་བ་འདི། ས་ཆེན་ཟེར་བའི་བགྲེས་པོ་དེས་གཏེར་དུ་སྦས་པར་འདུག་གོ་ཞེས་གསུངས་ཤིང་། དོན་ལ་བདག་ཆེན་རང་ཉིད་རྗེ་ས་ཆེན་གྱི་རྣམ་འཕྲུལ་ཡིན་པས། མན་ངག་གི་བེའུ་བུམ་དེ་ཉིད་བསེ་མགོན་དང་ཉེ་བའི་སྐོར་ཞིག་ན་ཀུན་གྱི་མི་མངོན་པའི་གཏེར་གྱི་ཚུལ་དུ་བཞུགས་ཡོད་པའི་གཏན་ཚིགས་ངེས་གསལ་ཅན་སྔོན་གྱི་སྐྱེ་བ་དྲན་པའི་ཚུལ་གྱིས་ཐུགས་ལ་ཤར་བའི་གསུང་ཡིན་པར་རྗེ་ཉིད་ཀྱི་རྣམ་ཐར་ལས་འབྱུང་ངོ་། །བདག་གི་བླ་མ་གྲུབ་མཆོག་དབང་པོའི་མཚན་ཅན་གྱི་གསུང་ལས། འཕྲིན་ལས་ཀྱི་རྟེན་དེ་སྐུ་འབག་བཞུགས་པའི་ས་སྟེགས་དེ་ཉིད་ཀྱི་ནང་ན་ཡོད་ཅེས་སྔགས་འཆང་ཆེན་པོའི་གསུང་རྒྱུན་ལས་འབྱུང་བས་འདི་ཉིད་ཁོ་ན་འཐད་ལྡན་ཡིན་ནོ། །ཞེས་ཡང་ཡང་དུ་གསུང་བ་ཐོས་ལ། དེ་ལྟར་བསྟན་སྲུང་དབང་པོ་འདི་ཉིད་ཀྱི་བཞུགས་གནས་སྒོ་རུམ་གཟིམ་སྤྱིལ་དཀར་པོར་གྲགས་པ་འདི་ལ། བླ་མ་