R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༤ན
[A:༡༢༤ན]ཆོས་སྐྱོང་གི་དཔུང་ཟུར་དུ་འབྱུང་འདུལ་རེ་བྱེད་པའི་རྒྱུན་ཡང་དེ་ནས་བྱུང་བར་གྲགས་སོ། །དེ་ནས་ས་ཆེན་དཔོན་སློབ་ཀྱིས་འཆམ་སྐུ་སོགས་རྟེན་རྣམས་སྤྱན་དྲངས་ནས་བྱོན་པའི་ཚེ། དྲངས་སོའི་ཐད་ཀྱི་ལམ་དེ་ལ་ཡང་འབྱོན་ལམ་བྱུང་བས་ལམ་དེ་ཤིན་ཏུ་འགྲོངས་པས་མགོན་པོའི་ཐིག་ལམ་དུ་གྲགས་ཤིང་། དེང་སང་ནི་སྒྲ་ཟུར་ཉམས་པས་འགོང་ལམ་ཟེར་བར་འདུག དེ་ནས་དྲངས་སོའི་ལ་ལ་དཔོན་སློབ་རྣམས་འཆམ་སྐུ་དང་བཅས་ཕར་ཕྱོགས་ནས་བྱོན་པ་དང་། ཚུར་ཕྱོགས་ནས་རྟ་པ་ཞིག་ཕྱིན་པ་ལ་རྩེར་འཛོམས་པས། འཆམ་སྐུ་མཐོང་འཕྲལ་རྟ་པ་དེ་ཁྲག་བསྐྱུགས་ནས་ཤི་བས་ཆོས་སྐྱོང་འདི་ཤིན་ཏུ་གཉན་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ་ཅིང་། ལ་དེ་ལ་ཡང་ཁྲོ་བོའི་རྒྱལ་པོ་བསེ་མགོན་འདི་བྱོན་པའི་ལ་ཡིན་པས་ཁྲོ་བོ་ལར་གྲགས་སོ། །དེས་ན་དིང་སང་ཁྲ་བོ་ལ་ཟེར་བ་མ་དག་པར་སྣང་། དེ་ཕྱིན་ཆད་ཞལ་ཁེབ་སོགས་མཛད་ནས་ཤིན་ཏུ་གསང་བའི་ཚུལ་