R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༣བ
[A:༡༢༣བ]ཀྱི་ཐུགས་དམ་བསེ་འབག་ནག་པོ་འགྲོ་ཤེས་བྱ་བ་བླ་མ་བརྒྱུད་པའི་བྱིན་རླབས་ཀྱིས་ང་ཡི་བཀའ་ཉན་དུ་ཡོད་པ་འདི་ཁྱེད་ཀྱི་རྗེས་སུ་གཏོང་བས། ད་ང་རྒས་པས་ཁྱེད་མི་དགོས། ཁྱེད་ཇོ་སྲས་ཀྱི་རྗེས་ལ་ས་སྐྱར་སོང་ལ། ཀུན་དགའ་སྙིང་པོ་མི་བརྒྱུད་དང་བཅས་པའི་བཀའ་བཞིན་སྒྲུབས་ཤིག་གསུངས་པ་ལ། འཆམ་སྐུ་ལན་གསུམ་འཕར་བྱུང་བ་ལ། བླ་མ་མལ་གྱིས་ཕོད་ཀའི་ཕུ་རུང་གི་གཡབ་ཐོ་ལན་གསུམ་བརྒྱབ་ནས་སོང་ཞེས་གསུངས་སོ། །དེ་ཕྱིན་ཆད་བསེ་མགོན་གྱིས་ས་སྐྱ་པའི་བཀའ་བྲན་བཞིན་དུ་ཉན་ཡང་། སྐབས་སུ་མཐུ་རྩལ་དྲག་དྲགས་པའི་རྣམ་འགྱུར་བག་རེ་བྱུང་ནས་བླ་མ་ལ་ཞུས་པས། མལ་གྱི་གསུང་གིས་བསེ་མགོན་འདི་རྒྱ་གར་ན་ཡང་མཐུ་རྩལ་འགྲན་མེད་དུ་བྱེད། འོན་ཀྱང་འདིའི་དཔུང་གཡས་པའི་ཐད་དུ་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་རེ་སྒོམས་དང་ལེགས་པར་འོང་གིས་གསུངས་ཏེ་དེ་བཞིན་དུ་མཛད་པས་དེང་སང་གི་བར་དུ་བྲིས་འབུར་གང་ལ་ཡང་