R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༣ན
[A:༡༢༣ན]ཆོས་འདྲ་ཡོད་གསུངས་པ་ལ། བླ་ཆེན་གྱིས་ཀྱང་མྱུར་བར་བྱོན་པས། སྔར་མ་གནང་བའི་བདེ་མཆོག་སྐོར་སོགས་ཟབ་ཆོས་མང་པོ་དང་། ལྷག་པར་ཆོས་སྐྱོང་འདིའི་སྐོར་ཤིན་ཏུ་བཀའ་དོག་པ་ཡིན་པ་ལ་བླ་མ་ཤིན་ཏུ་དགྱེས་པའི་སྟོབས་ཀྱིས་འཆམ་སྐུའི་དྲུང་དུ་རྗེས་གནང་སྒྲུབ་སྐོར་མན་ངག་དང་བཅས་པ་རྫོགས་པར་གནང་ཞིང་། རྗེས་གནང་གི་དུས་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་རྣམས་སྩལ་ཅིང་བཀའ་བསྒོ་མཛད་པའི་ཚེ། འཆམ་སྐུ་བཞེངས་ནས་བྱོན་པའི་ཕྱག་དང་། ས་ཆེན་གྱི་ཕྱག་སྦྲེལ་ཏེ། བླ་མའི་ཞལ་ནས། སྤྱིར་ཆོས་བྱེད་པ་ཐམས་ཅད་ལ་ཆོས་སྐྱོང་བཟང་པོ་རེ་བསྟེན་པ་གལ་ཆེ། ཁྱད་པར་དུ་ཁྱེད་བརྒྱུད་པ་དང་བཅས་པ་ལ་གུར་གྱི་མགོན་པོ་འདིས་ཕན་ཐོགས་པའི་རྟེན་འབྲེལ་མང་པོ་ཡོད། བསྟན་པ་ལ་ཡང་ཤིན་ཏུ་ཕན་པ་ཡོང་བས། རྡོ་རྗེ་འཆང་གི་དངོས་སུ་བྱིན་གྱིས་བརླབས་པའི་བླ་མ་བྲམ་ཟེ་མཆོག་སྲེད་