R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༢བ
[A:༡༢༢བ]བ་ལ་བྱུང་སྟེ། དེ་རྣམས་སྔགས་པ་གཅིག་ལ་བསྐུར་ནས་བླ་མ་ལ་འབུལ་དུ་བཏང་པས། བླ་མ་སྟོན་མོ་ཆེན་པོ་གཅིག་གི་ཚོགས་དཔོན་ལ་ཕེབས་འདུག་པ་ལ་ཞུ་བ་ཕུལ་བས། ལྟོགས་འདོད་ཟ་མེད་ཅིག་ཡིན་པས་ཟ་བཏུང་འདྲ་བྱིན་གསུངས་ནས་མ་མཇལ། དེ་མིན་པར་གདའ་ཇོ་སྲས་ས་སྐྱ་པས་གསེར་འབུལ་དུ་བཏང་པར་གདའ་ཞུས་པས། འཕྲལ་ཐུགས་ཅོལ་ཆུང་བ་འདྲ་བ་གཅིག་ཡོད་པས་ཁོང་རང་བྱོན་ནས་འབུལ་བ་ཅི་ཡོད་གསུངས། གསེར་ཞིག་བདོག་ཞུས་པས། ཞོ་དུ་ཡོད་གསུངས། སྲང་བཅུ་བདུན་ཙམ་ཡོད་བྱས་པས། མཉེས་ནས་ཁོ་རང་གི་ཁུག་མ་ནས་ཀྱང་སྲང་གང་བཏོན་ནས། འདི་ཡང་དེའི་སྟེང་དུ་སྣོན་ལ་སྲང་བཅོ་བརྒྱད་ཡོད་གྱིས་ལ་ཚོགས་སུ་ཕུལ་གསུངས། དེ་ལྟར་བྱས་པས་བླ་མའི་ཞལ་ནས། ཇོ་སྲས་ས་སྐྱ་པ་ཁོང་དམ་ཚིག་པ་བསམ་གྱིས་མི་ཁྱབ་པར་འདུག་པ་ལ། ངས་དེ་ལྟར་ཅུང་མ་གོ ད་མྱུར་དུ་ཡར་བྱོན། སྔར་མ་གསན་པའི་