R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༡ན
[A:༡༢༡ན]གྱི་སྟེང་དུ། གྱི་ལྗང་ནས་བརྒྱུད་པ་དང་བཞི་འདུས་པ་དང་། བསྒྲུབ་བྱའི་ལྷ་ལའང་། གཞན་གསུམ་ལ་ཕོ་རྐྱང་ལས་མེད་པ་ལས། འདི་ཕོ་རྐྱང་མོ་རྐྱང་སྦགས་སྒྲུབ་འཁོར་རྐྱང་སོགས་མང་བར་བཤད་ཅིང་། སྒྲུབ་བྱེད་མན་ངག་ཀྱང་གཞན་གསུམ་ལ་ཕྱི་སྒྲུབ་རྐྱང་པ་ཡིན་ལ། འདི་ལ་ཕྱི་ནང་གསང་གསུམ་གྱི་མན་ངག་བསམ་གྱིས་མི་ཁྱབ་པ་སྙན་བརྒྱུད་བཞི་ཟམ་མ་ཆད་པར་བཞུགས་པ་དང་། འདིའི་སྒོ་ནས་མངའ་རིས་སྟོད་དུ་ལོ་ཆེན་གྱིས་བོན་པོ་མང་པོ་ལ་དྲག་པོའི་ལས་སྦྱོར་བརྩམས་པ་ནས་བཟུང་། རྗེ་ས་སྐྱ་པ་ཁུ་དབོན། ཨ་ཉན་དམ་པ་ནས་བརྒྱུད་དེ་ས་སྐྱ་པ་རྣམས་ཀྱིས་མངོན་སྤྱོད་ཀྱི་ལས་ཕལ་ཆེར་འདི་ལ་བརྟེན་ནས་བསྒྲུབས་པས་ལས་སྦྱོར་གྱི་ལག་ལེན་མ་ཉམས་ཤིང་འཕྲིན་ལས་ཀྱི་ནུས་མཐུ་དང་ལྡན་པ། རྗེ་ས་ཆེན་ཡན་ཆད་དུ་རྗེས་གནང་ཡང་བསེ་འབག་གི་དྲུང་དུ་མིན་པ་མི་བྱེད། ཀྱཻ་རྡོ་རྗེའི་དབང་གིས་མ་སྨིན་པ་ལ་མི་སྟེར། བཀའ་ཤིན་ཏུ་དོག་ཅིང་ཐམས་