R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༠བ
[A:༡༢༠བ]བཞུགས་དུས་ཀྱི་ཤངས་མཚལ་སོགས་བྱིན་རླབས་རྟེན་འཛོམ་པོས་རྒྱ་གར་གྱི་ལྷ་བཟོ་བས་བྲིས་པ་བྱིན་རླབས་ཀྱི་རྟགས་མཚན་དུ་མ་དང་ལྡན་པ་འདི་ནི། ཁ་ཆེ་པཎ་ཆེན་གྱི་ཕྱག་བརྒྱུད་ནས་ཆོས་རྗེ་ཁུ་དབོན་གྱི་ཕྱག་ཏུ་བབ་པ་བླ་མ་དག་བཞེད་དོ། །དྲུག་པ་དེ་ལས་སྙིང་པོར་གྱུར་པའི་ལམ་སྲོལ་ངོས་བཟུང་སྟེ་བཤད་པ་ནི། དེ་ལྟར་ས་སྐྱ་པ་ལ་གུར་གྱི་མགོན་པོའི་ཆོས་སྐོར་གྱི་བཀའ་བབ། ས་སྐྱ་པ་ཆེན་པོ་ལ་གསུམ་དང་། ཆོས་རྗེ་པ་ལ་གཅིག་སྟེ་རྣམ་པ་བཞི་བཞུགས་པ་རྣམས་ཀྱི་ནང་ནས་གཙོ་བོར་གྱུར་པ་ནི། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོ་བློ་གྲོས་གྲགས་པ་ལ། རྗེ་བཙུན་ས་སྐྱ་པ་ཆེན་པོས་གསན་པའི་སྐོར་རྣམས་ཡིན་ཏེ། ཐོག་མར་བརྒྱུད་པའི་ཁྱད་པར་ཡང་། གཞན་གསུམ་ལ་བཀའ་མའི་བརྒྱུད་པ་ཙམ་ལས་མེད་ལ། སྲོལ་འདི་ལ་སློབ་དཔོན་པདྨ་ནས་བརྒྱུད་པའི་གཏེར་མ་དང་། ཤྲདྡྷ་ནས་བརྒྱུད་པ་དང་། སྤྱན་ཆེན་པོ་ནས་བརྒྱུད་པ་བཀའ་མ་སྟེ། བརྒྱུད་པའི་བཀའ་བབ་གསུམ་