R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༡བ
[A:༡༢༡བ]ཅད་ཀྱི་ཉིང་ཁུ་ཐུགས་རྩིས་ཤིན་ཏུ་ཆེ་བ་ཡིན་ནོ། །དེ་ཡང་བླ་ཆེན་འདིས་འཁོན་སྒྱི་ཆུ་བའི་བདེ་མཆོག་གི་ཕྱག་དཔེ་རྣམས་བསྣམས་ནས་གུང་ཐང་ན་ལ་རྩེ་གནས་སར་ན་བླ་མ་མལ་ལོ་ཙཱ་བ་བཞུགས་པའི་དྲུང་དུ་ཟབ་མོའི་ཡང་རྩེ་འཁོར་ལོ་སྡོམ་པའི་ཆོས་སྐོར་རྣམས་གསན་པར་བཞེད་ནས་ཕེབས་པ་ན། དེའི་ཚེ་བླ་མས་ཆོས་རྣམས་ཚར་རེ་ལ་མཁྱེན་པ་དང་། མལ་གྱིས་ཐུགས་སུ་མ་ཚུད་པའི་ཚུལ་མཛད་དེ། ལ་ལས་ནི་མི་ཚེ་ཕྱིད་པའི་ཆོས་ལ། ལ་ལས་ཚར་རེས་ཤེས་སུ་རེ་བ་གསུངས་ནས་བཀྱོན་སྐད། ལན་གཅིག་བླ་ཆེན་འདི་མེད་པར། མལ་ལོ་དཔོན་སློབ་ཚོས་རྟོག་བདུན་གྱི་སྔགས་ཤིག་ཐུ་ཡིན་འདུག་པ་དང་། སློབ་མ་ཚོས་མ་ཤེས་པ་ལ། བླ་ཆེན་གྱིས་དེར་བྱོན་ནས་དེ་ལ་ཚེགས་མེད། འདི་ལྟར་བྱས་ན་མཆིས་བྱས་པས། བླ་མ་ཀག་གིས་བཞེངས་ནས། ཤེས་ན་དགའ་བ་ཚོས་མི་ཤེས། མ་ཤེས་ན་དགའ་བ་ཚོས་ཤེས་འདུག་གསུངས་ནས་གཤེགས་སོང་བ་དང་། དེར་བླ་ཆེན་