R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༠ན
[A:༡༢༠ན]གསུངས་པར་གྲགས། གོང་གི་ལོ་རྒྱུས་ལས་འབྱུང་བ་ལྟར། བརྒྱུད་པ་འདི་བའི་ལུགས་ཀྱི་སྲོལ་འདི་ལ་རྗེས་གནང་ཟུར་པ་མི་བྱེད་ཅིང་། བྲམ་ཟེ་ཆེན་པོ་ནས་བརྒྱུད་པའི་མགོན་པོ་ཕོ་རྐྱང་གི་རྗེས་གནང་ཚད་ལྡན་གཅིག་ཐོབ་ན་དེས་གོ་ཆོད་པར་འདོད་པ་ཡིན་ནོ། །དིང་སང་ཁ་ཅིག་འདི་ལ་རྗེས་གནང་ཟུར་བ་བྱེད་ཅིང་། དེ་ཉིད་ཆེས་དཀོན་པའི་ཟབ་གནད་དུ་བྱེད་པའང་ཐོས་པས་དཔྱད་པར་བྱའོ། །འདི་ལ་དགོངས་ནས་རྗེ་ཚར་ཆེན་གྱི་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། ཁ་ཆེ་པཎ་ཆེན་ཤཱཀ་ཤིས་མགོན་པོའི་སྐོར། །སུ་ལ་གསན་ཅིང་དེ་ཉིད་ལ་བརྒྱུད་པའི། །སྤུ་གྲི་སྐོར་གསུམ་ངོས་འཛིན་ཇི་ལྟར་ཡིན། །ལུགས་འདིའི་རྗེས་གནང་ཆད་དམ་ད་ལྟ་ཡོད། །ཅེས་གསུངས་པའི་དགོངས་པའི་དོན་ཡང་གསལ་བར་བྱས་པ་ཡིན་ལ། ས་སྐྱ་པའི་བྲིས་མགོན་དུ་གྲགས་པ་འདི་ནི། བྲམ་ཟེ་མཆོག་སྲེད་ཀྱི་སྤུར་རས་ལ། ཞལ་