R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༩བ
[A:༡༡༩བ]པ་ལ་སློབ་མ་གཞན་འདྲ་འོང་བ་འདུག་པས་རྒྱ་སྐད་དུ་བྱའོ། །གསུངས་ནས་དེ་ལྟར་གནང་། ཆོས་རྗེ་པས་ཀྱང་ཤོག་རིལ་ལ་རྒྱ་ཡིག་ཏུ་བྲིས་ནས། ཕྱི་མཆོད་རྟེན་ཁྲུ་གང་པ་ཙམ་ཡོད་པ་ཞིག་གི་ནང་དུ་བཅུག་ནས་ཞབས་བསྡོམ་བསྡམས་ཏེ་རྟེན་གྲལ་ན་ཡོད་པ་ལ། ཆོས་རྗེ་པ་རང་གི་སློབ་མ་བགྲེས་པོ་དགེ་སློང་ཟླ་བ་རྒྱལ་མཚན་བྱ་བ་ལོ་བདུན་ཅུ་ལོན་པ་ཞིག་ལ་ཆོས་སྐྱོང་རང་གི་ལུང་བསྟན་བྱུང་ནས་སྤྱད་དངོས་ཐམས་ཅད་སྤོངས་དག་བྱས་ཕུལ་ཏེ་འདི་ཞུས་པས་གནང་། ཁོང་གིས་བསྙེན་པ་བྱས་པ་ཙམ་གྱིས། ཞིང་ལ་རྐུན་མ་བྱུང་བ་ལ་རྐུན་མ་ལྔ་ཞག་གཅིག་ལ་ཁྲག་བསྐྱུགས་ནས་ཤི་བ་སོགས་ནུས་མཐུ་དཔག་མེད་བྱུང་། དེས་བླ་མ་ཁམས་པ་ལ་གནང་། དེས་རི་པ་དགེ་ཚུལ་དར་མ་དཔལ་ལ་གནང་། དེ་རྣམས་ཀྱིས་ཆོས་སྐྱོང་འདི་ལན་ལྔ་ལྔ་ཞལ་གཟིགས་པར་གྲགས། ཁ་ཆེ་པཎ་ཆེན་གྱི་ཞལ་ནས་རང་ལ་ཅི་རི་འདི་ལ་རི་བ་ཡིན། བོད་དུ་འདི་ལས་ཟབ་པའི་ཆོས་སྐྱོང་གི་མན་ངག་ཡོང་མྱོང་བ་མེད་ཅེས་