R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡བ
[A:༡༡བ]པའི་ལེགས་ལྡན་དང་། བེང་ལ་སོགས་པ་སྟེ། པདྨ་འབྱུང་གནས་དང་། དྷི་པཾ་ཀ་ར་དང་། པདྨ་ལྕགས་ཀྱུ་སོགས་ནས་བརྒྱུད་པའོ། །ལྔ་པ་ནི། ནག་པོ་གཅེར་བུའི་རྒྱུད་དང་། གསང་བ་ཐུགས་ཀྱི་དཔེ་ནག་པོ་སོགས་ནས་གསུངས་པའི་ཏྲག་ཤད་དང་། སྟག་ཞོན་ཏེ། སློབ་དཔོན་པདྨ། ཤིནྟཾ་གརྦྷ། བ་ལིང་ཏ་ཨ་ཙརྻ་སོགས་ལས་བརྒྱུད་པའོ། །དེ་ལྟར་ཆོས་སྐྱོང་དེ་དག་གི་བསྒྲུབ་ཚུལ་གྱི་དོན་བསྡུས་ན་གསུམ་སྟེ། མ་ལྟར་དུ་བསྒྲུབ་པ་བཀྲ་ཤིས། སྲིང་ལྟར་དུ་སྒྲུབ་པ་སྙིང་ཉེ། བྲན་ལྟར་དུ་སྒྲུབ་པ་ལས་མྱུར་རོ། །དང་པོ་ལ་གནད་གསུམ་སྟེ། བཅའ་བ་རྟེན་གྱི་གནད། བསྒོམ་པ་ལྷའི་གནད། བཟླས་པ་སྔགས་ཀྱི་གནད་དོ། །གཉིས་པ་ལ་གཟེར་གསུམ་སྟེ། ཡིད་ཆེས་པ་སྙིང་སྟོབས་བསྐྱེད་པའི་གཟེར། དམ་ཚིག་བསྲུང་བ་འཁུ་ལྡོག་མེད་པའི་གཟེར། ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་དུ་ཤེས་པའི་སྒྲུབ་པ་གནད་དུ་ཚུད་པའི་