R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡ན
[A:༡༡ན] སློབ་དཔོན་རྡོ་རྗེ་དྲིལ་བུ་པ་སོགས་ལས་བརྒྱུད་དེ། བླ་མ་ཙ་མི་དང་། དཔལ་ཆེན་སྒ་ལོ་ལ་སོགས་པས་གངས་ཅན་གྱི་ལྗོངས་སུ་སྤྱན་དྲངས་ཏེ་དར་ཞིང་རྒྱས་པར་མཛད་དོ། །གཉིས་པ་ནི། སྤྱན་རས་གཟིགས་ཁྲོས་པ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྟེ། འདི་ནི་མངོན་བྱུང་དང་། ཁྲོས་རྒྱུད་ལེའུ་བརྒྱད་པ་རྣམས་ལས་བསྟན་ཅིང་། གྲུབ་ཆེན་ས་ར་ཧ་དང་། ཤ་ཝ་རི་བ། རྭ་ཧུ་ལ། གུཔྟ་བཛྲ། མངའ་བདག་མཻ་ཏྲི་པ་རྣམས་ལས་བརྒྱུད་དེ། བླ་མ་ཤངས་པ་དྷུ་གུ་པ་ཞེས་གྲགས་པ་མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་གྱིས་བོད་ཡུལ་དུ་རྒྱས་པར་མཛད་དོ། །གསུམ་པ་ནི། རྣམ་སྣང་ཆེན་པོའི་ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་སྟེ། འདི་ནི་འོག་ཏུ་རྒྱས་པར་འཆད་དོ། །བཞི་པ་ནི། གཙུག་ཏོར་གདུགས་དཀར་གྱི་གཟུངས་དང་། མཚོན་བྱ་མངོན་རོལ་སོགས་ནས་བསྟན་