R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢ན
[A:༡༢ན]གཟེར་རོ། །གསུམ་པ་ལ་ངར་གསུམ་སྟེ། བསྒོམ་པ་ཏིང་ངེ་འཛིན་གྱི་ངར། བཟླས་པ་སྔགས་ཀྱི་ངར། བསད་པ་རྫས་ཀྱི་ངར་རོ། །དེ་ལྟར་ཆོས་སྐྱོང་གི་མན་ངག་ཟབ་མོ་རྣམས་ཉམས་སུ་བླངས་པ་ལ་བརྟེན་ནས་གནས་སྐབས་ལས་བཞིའི་དངོས་གྲུབ་འབད་མེད་དུ་འགྲུབ་ཅིང་། མཐར་ཐུག་རྡོ་རྗེ་འཛིན་པའི་གོ་འཕང་ཚེ་འདིར་སྒྲུབ་པའི་མཆོག་ཀྱང་ཡིན་ཏེ། ཁྲོས་རྒྱུད་ལེའུ་དང་པོ་ལས། ཕྱི་ནང་གསང་བའི་མགོན་པོ་ཆེ། །བདེ་བ་ཆེན་པོའི་རོལ་པ་ཡིས། །ཡེ་ཤེས་གསང་བ་བསམ་མི་ཁྱབ། །ཚེ་འདི་ཉིད་དུ་འགྲུབ་འགྱུར་ཞེས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཞེས་དང་། ཇི་སྲིད་ལས་ཀྱི་སྦྱོར་བ་ཡིས། །མགོན་པོ་འཁོར་བཅས་མཉེས་གྱུར་ནས། །ལས་དང་དངོས་གྲུབ་སྣ་ཚོགས་པ། །མྱུར་དུ་འགྲུབ་པར་ཐེ་ཚོམ་མེད། །ཅེས་དང་། ལེའུ་ཉེར་ལྔ་པ་ལས། ཧེ་རུ་ཀ་ཡི་གོ་འཕང་གནས། །འདི་ལ་ཐེ་